ལོ་60ཡན་གྱི་ལོ་ལོན་ཚོས་ལྷག་པར་ཏོག་གསར་འགོག་སྨན་རྒྱག་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


འགོག་ཁབ་བརྒྱབ་ནས་འགོག་ཟོན་ལེགས་པོ་བྱེད་དགོས།

ཏོག་གསར་ནད་དུག་ནི་མི་ཡོངས་ལ་འགོས་སླ་བ་དང་། འགོས་སླ་བའི་མི་ཚོགས་ཁྲོད་ནས་ལོ་ལོན་དང་ནད་རྙིང་ཡོད་མཁན་ལ་ལྷག་ཏུ་འགོ་སླ། ལོ་ལོན་ཚོའི་རང་སྟེང་གི་རིམས་འགོག་ནུས་པ་ན་གཞོན་དང་བསྡུར་ན་ཅུང་ཞན་ལ། མང་ཆེ་བར་ནད་རྙིང་སྣ་ཚོགས་ཡོད་སྟབས། གལ་ཏེ་ནད་དུག་འགོས་ཚེ། དར་མ་དང་བྱིས་པ་དང་བསྡུར་ན་ནད་ལྕི་མོར་འགྱུར་བ་དང་འཆི་ཉེན་ཡང་ཧ་ཅང་ཆེ།

ཏོག་གསར་ནད་དུག་གི་འགོག་སྨན་བརྒྱབ་པ་དེས་ནད་གཞི་ལྕི་མོར་འགྱུར་བ་དང་འཆི་རྒྱུར་སྔོན་འགོག་བྱེད་པའི་ཐད་སྲུང་སྐྱོབ་ཀྱི་ནུས་པ་བཟང་པོ་ཐོན། གོ་སླ་བའི་སྒོ་ནས་བཤད་ན། ཏོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ན་ལོ་ལོན་གྱི་ནད་ཇེ་ལྕིར་མི་འགྲོ་བ་དང་འཆི་རྒྱུའི་ཉེན་ཁ་ལས་ཐར་བར་ཕན་པ་ཡོད།

འགོག་སྨན་བརྒྱབ་ན་ནད་དུག་འགོས་ཀྱང་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་མངོན་གསལ་གྱིས་ཇེ་ཉུང་དུ་གཏོང་ཐུབ། ལོ་ལོན་དང་ནད་རྙིང་ཡོད་མཁན་གྱིས་ལྷག་ཏུ་འགོག་སྨན་རྒྱག་དགོས།

གཞི་གྲངས་ལས་མངོན་པ་ལྟར་ན། ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་གི་མིས་ཀྲུང་གོའི་ཏོག་གསར་ནད་དུག་གི་འགོག་སྨན་བརྒྱབ་པའི་ལོ་ན་ཆེས་བགྲེས་པ་ལོ་106རེད། འབྲེལ་ཡོད་གཞི་གྲངས་སྡོམ་རྩིས་བྱས་པ་བརྒྱུད། ལོ་ལོན་ལ་ཏོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ན་གནོད་པ་མེད་པ་གསལ་བཤད་བྱས།

ཏོག་གསར་ནད་དུག་གི་འགོག་སྨན་རྒྱག་ཆོག་མོད། འོན་ཀྱང་བརྒྱབ་མེད་པའི་ལོ་ལོན་ཚོས་གང་མགྱོགས་ངང་རྒྱག་དགོས་པ་དང་། ཆ་ཚང་བརྒྱབ་མེད་པ་རྣམས་ཀྱིས་གང་མྱུར་གྱིས་རྒྱག་དགོས།

ནད་རྙིང་ཡོད་པའི་ལོ་ལོན་གྱིས་འགོག་སྨན་རྒྱག་སྐབས་མཉམ་འཇོག་དགོས།

གལ་ཏེ་ནད་རྙིང་ཡོད་ན། ཁམས་བདེ་བའི་བར་སྐབས་ལ་འགོག་སྨན་རྒྱག་པ། རང་གིས་གསལ་ཐག་མི་ཆོད་ན། ཏོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ཆོག་མིན་ནི་འགོག་སྨན་རྒྱག་པའི་སྨན་པ་དང་། ནད་ཐོག་སྨན་བཅོས་བྱེད་མཁན་གྱི་སྨན་པར་དྲིས་ན་བཟང་།

སྔ་མོ་ནས་ཏོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་བརྒྱུད་རིམ་དང་། འགོག་སྨན་གྱི་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་བྱེད་པ་དང་། སྔ་མོ་ནས་མིང་ཐོ་བཀོད་དེ་ཡུལ་དངོས་སུ་མི་ཚོགས་འདུ་བ་དང་ཡུན་རིང་སྒུག་པ། ཐང་ཆད་དུ་འཇུག་པ་དང་། འཚུབ་ཆ་ལངས་པ་བཅས་ཀྱི་གནས་ཚུལ་ལ་གཡོལ་དགོས། བསམ་ཡུལ་ལས་འདས་པའི་བར་ཆད་སོགས་མི་འབྱུང་བའི་ཆེད་དུ་འགོག་སྨན་རྒྱག་དུས་ལོ་ལོན་ལ་བདག་བྱེད་མཁན་ཡོད་ན་བཟང་།

ཏོག་གསར་འགོག་སྨན་བརྒྱབ་རྗེས་ཡུལ་དངོས་ནས་དུས་ཚོད་ཕྱེད་ཀར་ངལ་གསོས་ཏེ་མི་འཕྲོད་པ་ཡོད་མིན་ལ་མཉམ་འཇོག་དགོས། གལ་ཏེ་མི་འཕྲོད་པའི་སྣང་ཚུལ་བྱུང་བ་དང་། བྱུང་ཡུན་ཅུང་རིང་ན། མྱུར་དུ་སྨན་པར་སྟོན་དགོས། གལ་ཏེ་མི་འཕྲོད་པ་དེ་ནི་ཏོག་གསར་ནད་དུག་གི་འགོག་སྨན་དང་འབྲེལ་བ་ཡོད་པར་དོགས་པ་སྐྱེས་ཚེ། མྱུར་དུ་སྙན་ཞུ་བྱེད་དགོས།

ཉེ་འགྲམ་གྱི་ལོ་ལོན་ཚོར་ཏོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་དྲན་སྐུལ་བྱས་ཏེ། ནད་འགོག་གི་འགོག་རགས་མཉམ་སྐྲུན་བྱེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1