༄༅། །དག་འབུད་མཁན་གྱི་གཏུག་བཤེར་ཁེ་དབང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-13


           རང་རྒྱལ་གྱི་《ཉེས་དོན་གཏུག་བཤེར་བཅའ་ཁྲིམས།》དང་《ཁྲིམས་རྩོད་པའི་བཅའ་ཁྲིམས།》ཀྱི་འབྲེལ་ཡོད་གཏན་འཁེལ་དང་གཞན་པའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། དག་འབུད་མཁན་ལ་ཉེས་དོན་གཏུག་བཤེར་ཁྲོད་དུ་གཤམ་གསལ་གྱི་གཏུག་བཤེར་ཁེ་དབང་ཡོད་དེ། (1). ལས་འགན་འགན་ལེན་ཁེ་དབང་། (2). གྱོད་ཡིག་ཀློག་དབང་། (3).ཐུག་འཕྲད་དམ་འཕྲིན་གཏོང་བའི་ཁེ་དབང་། (4). བརྟག་དཔྱད་བདེན་ལེན་གྱི་ཁེ་དབང་། (5). དག་འབུད་མཁན་གྱིས་བསམ་འཆར་འདོན་པའི་ཁེ་དབང་། (6).ཁྲིམས་རར་ཞུགས་པའི་བརྡ་སྦྱོར་གྱི་ཐོབ་དབང་། (7). ཁྲིམས་རར་ཞུགས་པའི་དག་འབུད་ཀྱི་ཁེ་དབང་། (8). དག་འབུད་ཁྲིམས་སྒོ་རང་བཙན་གྱི་ཁེ་དབང་། (9).དག་འབུད་བྱས་པ་དང་ལེན་མི་བྱེད་པའི་ཁེ་དབང་། (10). སྤྱི་བདེ་ཁྲིམས་འཛིན་ལས་ཁུངས་ཀྱི་བཙན་ཤེད་བྱེད་ཐབས་ཁྲིམས་བཀོད་ཚད་བཀག་ལས་བརྒལ་ཚེ་དོགས་ཡོད་ཉེས་ཅན་ནམ་གྱོད་པ་བཙན་ཤུགས་བྱེད་ཐབས་ལས་གྲོལ་བའི་ཁེ་དབང་། (11).གཞན་པའི་འབྲེལ་ཡོད་གཏུག་བཤེར་ཁེ་དབང་བཅས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1