རྒྱལ་སྤྱིའི་དར་ཤུད་མནའ་འབྲེལ་གྱིས་ཨུ་རུ་སུ་འདིར་ཞུགས་ཆོག་པ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-08



     ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་6ཉིན། ཐའེ་ལན་ཕུའུ་ཅི་རུ་འཚོགས་པའི་རྒྱལ་སྤྱིའི་དར་ཤུད་མནའ་འབྲེལ་འཐུས་མི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་དར་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡུག་རེན་གྱིས་བཏོན་པའི་ཨུ་རུ་སུའི་འཐུས་མི་རྩ་འཛུགས་དེའི་ཚོགས་ཆེན་དང་འདེམས་བསྐོའི་ནང་ཞུགས་མི་ཆོག་པའི་གྲོས་འགོ་ཕྱིར་བསློགས་པ་རེད། རྒྱལ་སྤྱིའི་དར་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིན་དེར་གྲོས་གཞི་དེར་གསང་བའི་སྒོ་ནས་འཐུས་མིས་འདེམས་ཤོག་འཕངས་ཤིང་། དེའི་ནང་མི་55ཡིས་ངོ་རྒོལ་བྱས་པ་དང་། མི་48ཀྱིས་མོས་མཐུན་བྱས། མི་13གྱིས་འདེམས་ཤོག་འཕེན་དབང་དོར་བས། མོས་མཐུན་འདེམས་ཤོག་གསུམ་ཆ་གཉིས་ལས་བརྒལ་མེད་པས་གྲོས་གཞིར་གྲོས་འཆམ་བྱུང་མ་སོང་། 

     ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་རྒྱལ་སྤྱིའི་དར་ཤུད་མནའ་འབྲེལ་འཐུས་མི་ཚོགས་ཆེན་ཟླ་6ཚེས་10ཉིན་བར་དུ་འཚོགས་རྒྱུ་རེད།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1