ལི་ཐང་དུ་རྟ་རྒྱུག་འགྲན་བསྡུར་སྤེལ་ནས་ལྔ་བའི་ཚེས་ལྔའི་དུས་ཆེན་ལ་རོལ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-08


 

   ཟླ6པའི་ཚེས3ཉིན་ནི་སྲོལ་རྒྱུན་གྱི་ལྔ་བའི་ཚེས་ལྔའི་དུས་ཆེན་ཡིན་ལ། ལི་ཐང་རྫོང་དུ་དུས་ཡུན་ཉིན་གཉིས་རིང་གི“ཀྲུང་གོའི་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ཡུལ·ལི་ཐང”གི་ཀྲུང་ཧྭའི་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྟེ2022ལོའི་ཟླ6པའི་རྟ་རྒྱུག་འདུ་ཚོགས་མགོ་ཚུགས།  

  

 ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་ལ་ལི་ཐང་དང་དཀར་མཛེས་ཁུལ་ཁོངས་གཏོགས་ཀྱི་རྟའུ་རྫོང་དང་འདབ་པ་རྫོང་། ཉག་རོང་སོགས་ནས་ཐོན་པའི་བདམས་ཐོན་པ་ཡོད་པ་མ་ཟད། གཞན་ཡུན་ནན་དང་མཚོ་སྔོན་ཞིང་ཆེན་སོགས་ཀྱི་བདམས་ཐོན་པ་ཡང་ཞུགས་ཡོད་ལ། འགྲན་བསྡུར་ལ་ཞུགས་པའི་རྟ་146ཡོད་པ་དང་། འགྲན་བསྡུར་དེ་སྨི་3000དང་སྨི་5000དང་། སྨི་10000བཅས་སུ་དབྱེ་ཡོད། དུས་ཚོད་གཉིས་ཡུན་གྱི་འགྲན་བསྡུར་བརྒྱུད་ཉིན་དེའི་སྔ་དྲོའི་མྱུར་ཚད་སྨི་3000ཟིན་པའི་འགྲན་བསྡུར་དང་། མཉམ་བསྲེས་འགྲན་བསྡུར་གྱི་རྟ་ཕོ་འགྲན་བསྡུར། དཀར་མཛེས་རྟ་ཡི་འགྲན་བསྡུར་བཅས་ཡོངས་སུ་མཇུག་རྫོགས་པ་དང་། ཨང་རིམ་ཟླ6པའི་ཚེས4ཉིན་མཇུག་སྒྲིལ་མཛད་སྒོའི་སྟེང་ཁྱབ་བསྒྲགས་བྱས། 

  

     ཉེ་བའི་ལོ་འགའི་རིང་། ཕྱི་རོལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན། “ལུས་རྩལ+ཡུལ་སྐོར”འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་ལས་གཏིང་ཟབ་དང་། རྟ་རྒྱུག་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། ལི་ཐང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྐུལ་ཁྲིད་བྱས་ཏེ། “ལི་ཐང་གི་རྟ་རྒྱུག”དེ་ལི་ཐང་རྫོང་གི་དམངས་སྲོལ་ཡུལ་སྐོར་ཟོང་རྟགས་ཤིག་ཏུ་བསྐྲུན་ནས་རྒྱུན་རྣམ་ཅན་དང་ཆུ་ཚད་མཐོན་པོ་ཅན་གྱི་འགྲན་བསྡུར་ཞིག་ཏུ་འགྱུར་བར་བརྩོན་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1