༄༅།།བོད་ལུགས་ལོ་སར་སྐབས་ཀྱི་ཚེས་བསང་ཆེན་མོའི་མཐོང་ཐོས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 06-09


  རྒན་མོ་གཡང་འཛོམས་མང་ཚོགས་དང་མཉམ་དུ་འགྲོག་ནས་ལྷ་སའི་བར་སྐོར་སྲང་ལམ་ཤར་ལྷོ་ཕྱོགས་ཀྱི་བསང་ཁྲིའི་རྒྱབ་ནས། བསང་ཁུག་ཕྱིར་བླངས་ཏེ་བསང་རྩི་དང་བསང་རྩམ། མཆོད་ཆུ་སོགས་བཏོན་ནས། བསང་ཁང་དུ་བསང་རྩི་དང་རྩམ་པ་སོགས་བཞག་ཏེ་ཁ་ནས་བསང་འབོད་འདོན་བཞིན་བསང་མེའི་སྟེང་དུ་མཆོད་ཆུ་འབུལ། བསང་བཏང་འཚག་རྗེས་ཕྱིར་གོམ་གང་ནུར་ཏེ་བསང་ཁུག་ནང་ནས་སྔ་མོ་ནས་གྲྭ་སྒྲིག་བྱས་ཡོད་པའི་ནུ་འབྲུ་བླངས་ནས། ངག་ནས་གསོལ་བ་འདེབས་བཞིན་ནུས་འབྲུ་ཕྱོགས་བཞིར་མཆོད།  བསང་མཆོད་གཏོང་བ་ནི་བོད་རིགས་དད་ལྡན་མང་ཚོགས་ཀྱིས་སྒྲུབ་དགོས་པའི་བྱ་བ་ཆེས་གལ་ཆེན་དེ་ཡིན། དགོན་སྡེ་དང་སྐོར་ལམ་དུ་བསང་མཆོད་གཏོང་མཁན་ཡོད་པ་མ་ཟད། ཁྱིམ་ཚང་རེ་རེའི་ཁང་ཐོག་དང་ར་སྐོར་ནང་དུའང་བསང་མཆོད་གཏོང་ལ། ཉིན་རེ་རེའི་ཞོགས་པའང་མ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསང་མཆོད་གཏོང་བ་རེད།  བོད་ལུགས་ལོ་སར་ཚེས་གཅིག་ཉིན་ནས་བཟུང་ད་བར་དུ། ལྷ་སའི་ས་ཁུལ་སོ་སོའི་མཇལ་སྐོར་ལམ་དུ་དད་ལྡན་མང་ཚོགས་རྒྱུན་མི་ཆད་ལ། ལྷག་པར་དུ་བར་སྐོར་སྲང་ལམ་བརྒྱུད་ནས་དད་ལྡན་མང་ཚོགས་ཀྱི་ལག་ཏུ་འཁོར་ལོ་ཐོག་ཀྱང་། ངག་ལས་ཆོས་དབྱངས་ཟློ་བཞིན་སྐོར་བ་བྱེད་པ་དང་། བསང་དུད་ཉིན་མཚན་ལྟོས་མེད་དུ་རྒྱུན་མི་ཆད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1