མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-13


 

      ཟླ་6ཚེས་7ཉིན། མཚོ་སྔོན་པོའི་གནས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཅིང་ཡུས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུའི་གསར་འགྱུར་སྨྱན་སྦྱོར་བཞུགས་མོལ་ཚོགས་འདུའི་ཐོག མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་གསར་སྐྲུན་དུས་རིམ་ལ་སླེབས་པ་མ་ཟད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ལས་དོན་སྔ་ཙམ་ལེགས་འགྲུབ་ཡོང་བའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ཡོད། མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4625.6ཡོད་པས་ཀྲུང་གོའི་མཚེའུ་ཆེ་ཤོས་ཡིན།  

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1