(གསུམ)དབང་ཆའི་འཁོར་སྐྱོད་ཚོད་འཛིན་དང་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས་པ་སྟེ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་བསྣོན་དགོས།
དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དང་། ཐུན་མོང་གི་མགོ་ཁྲིད་དང་ལས་བགོས་འགན་ཁུར། གནས་ཚུལ་གཙོ་བོའི་བརྡ་ཐོ་དང་སྙན་ཞུ། ལས་འགན་སྒྲུབ་སྟངས་གསལ་བོ་བྱེད་པ། དམངས་གཙོའི་འཚོ་བའི་གྲོས་ཚོགས། འཕྲིན་བཅར་ཐག་གཅོད། གླེང་མོལ་དང་ཐ་གཅིག་ཏུ་སྐུལ་སློང་། འདྲི་རྟོག ཆེད་དུ་གཏན་འཁེལ་བྱས་པའི་གནད་དོན་ལ་བརྟག་དཔྱད་བྱེད་པ་སོགས་ལྟ་སྐུལ་ལམ་ལུགས་དངོས་འབེབས་བྱ་དགོས་ཤིང་། མགོ་ཁྲིད་ལས་བྱེད་པ་གཙོ་བོས་དབང་ཆ་བཀོལ་བར་ཚོད་འཛིན་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཐད་ཀར་དུ་མི་དང་ནོར་དོན། དངོས་པོ། ལས་གཞི་སོགས་བྱེ་བྲག་གི་དོན་དག་ལ་དོ་དམ་མི་བྱེད་པའི་ལམ་ལུགས་ཧུར་ཐག་གིས་འཚོལ་ཞིབ་དང་ཡོངས་ཁྱབ་སྒོས་དར་སྤེལ་དང་། ལས་བྱེད་པའི་སྲིད་གཙང་གླེང་མོལ་དང་གསལ་འདེབས་ནང་རྐྱེན་འཛུགས་པར་འཐུས་ཚང་དུ་གཏོང་དགོས་ལ། ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོ་དང་གྲོང་ཁྱེར། ཁུལ་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་ལོ་རེར་ཞིང་ཆེན་ཏང་ཨུ་ལ་སྲིད་གཙང་ཐད་ནས་ཡར་ཞུ་བྱ་དགོས།
བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་བསྣོན་དགོས། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར“སྲིད་གཞུང་གཅིག་ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལྟ་སྐུལ་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ་དང་། དམངས་ཆེན་གྱི་སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་ལྟ་སྐུལ་དང་རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་འགན་ནུས་ལ་ཤུགས་བསྣོན་དགོས། འདྲི་གཅོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་དང་དྲང་གཞག་སྒོས་སྲིད་འཛིན་འདྲི་གཅོད་བྱ་འགུལ་སྤེལ་བ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་ཐོ་འགོད་པའི་རྩད་བཤེར་བྱ་འགུལ་སྤེལ་བ་དང་འདྲི་གཅོད་ལས་ཁུངས་ཀྱིས་འདྲི་གཅོད་ལག་བསྟར་བྱ་འགུལ་སྤེལ་བ་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།
སྲིད་འཛིན་ལྟ་སྐུལ་ལ་ཤུགས་བསྣོན་དགོས། ཁྲིམས་བསྟར་ལྟ་ཞིབ་དང་སྲིད་གཙང་ལྟ་ཞིབ། ཕན་ནུས་ལྟ་ཞིབ་བཅས་ཀྱི་ཤུགས་ཚད་ཇེ་ཆེར་བསྐྱེད་དགོས་པ་དང་། སྲིད་གཞུང་འགན་ནུས་སྡེ་ཁག་གིས་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ལྟ་ཞིབ་གྲོས་གཞི་སོགས་ཁྲིམས་བཀོད་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ། སྲིད་འཛིན་འགན་འཁྲི་འདྲི་གཅོད་གཟབ་ནན་བྱ་དགོས། གློག་རྡུལ་སྲིད་དོན་འཛུགས་སྐྲུན་ཁྱབ་གདལ་དུ་གཏོང་བ་དང་། གློག་རྡུལ་ལྟ་ཞིབ་མ་ལག་འཛུགས་པ་དང་འཐུས་ཚང་། ཞིབ་རྩིས་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། མཇུག་འབྲས་བཀོལ་སྤྱོད་ལ་གཙིགས་འཛིན་བྱ་དགོས། ཏང་སྲིད་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྐང་ཚད་ཡོད་ཁེ་ལས་བཅས་ཀྱི་མགོ་ཁྲིད་པས་འགན་ཁུར་སྐབས་དང་ལས་རྐང་དང་བྲལ་བའི་དཔལ་འབྱོར་འགན་འཁྲི་ལ་ཞིབ་རྩིས་རྒྱག་པ་མུ་མཐུད་དུ་ཁྱབ་གདལ་དུ་གཏོང་བ་དང་། ཆེད་སྤྱོད་མ་དངུལ་གཙོ་བོ་དང་དངུལ་གཏོང་ལས་གཞི་ཆེན་པོར་ཞིབ་རྩིས་རྒྱག་པར་ཤུགས་བསྣན་ནས། ཡོངས་ཁྱབ་གྱིས་རྒྱུན་ལྡན་ཅན་དུ་འགྱུར་བ་མངོན་འགྱུར་བྱ་དགོས་ཤིང་། དམངས་གཙོའི་ལྟ་སྐུལ་ལའང་ཤུགས་བསྣོན་དགོས། མི་དམངས་སྲིད་གྲོས་དང་དམངས་གཙོའི་ཏང་ཁག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་བསམ་འཆར་དང་གྲོས་གཞི། སྐྱོན་བརྗོད་བཅས་ལ་མཉན་ཏེ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་བྱ་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པའི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་ལ་རྒྱབ་སྐྱོར་དང་ཁག་ཐེག་བྱ་དགོས། “བརྙན་འཕྲིན་ལས་སྲིད་ཇུས་འདྲི་བ”དང“སྲིད་གཙང་ཡོངས་བསྒྲགས”སོགས་བྱ་འགུལ་སྤེལ་བ་བརྒྱུད་དེ། དམངས་གཙོའི་ལྟ་སྐུལ་ཐབས་ལམ་རྒྱ་བསྐྱེད་དགོས།
གླེང་ཕྱོགས་ལྟ་སྐུལ་ལ་ཤུགས་བསྣན་དགོས། གསར་འགྱུར་སྨྱན་བྱེད་ཀྱིས་ཁྲིམས་ལྟར་གླེང་ཕྱོགས་ལྟ་སྐུལ་སྤེལ་བར་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ། གསར་འགྱུར་ལས་ཁུངས་ཀྱིས་གླེང་ཕྱོགས་ལྟ་སྐུལ་བྱ་བའི་ལམ་ལུགས་སྣ་ཚོགས་བཟོ་བ་དང་འཐུས་ཚང་དུ་གཏོང་བར་ཁྲིད་སྟོན་བྱ་དགོས་ཤིང་། དྲ་སྦྲེལ་དྲ་བ་སྤྱོད་པ་དང་ཚད་ལྡན་དུ་གཏོང་བར་ལྟ་སྐུལ་བྱས་ཏེ། དྲ་སྦྲེལ་དྲ་བའི་ལྟ་སྐུལ་གྱི་དྲང་ཕྱོགས་ནུས་ཚད་བསྟུད་མར་མཐོར་འདེགས་བྱ་དགོས།
(བཞི)བཅོས་བསྒྱུར་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱ་དགོས།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དང་ལག་ལེན་ནན་ཏན་བྱས་ཏེ། རུལ་སུངས་ཀྱི་སྒྲིག་སྲོལ་ངན་པ་སྣ་ཚོགས་མེད་པར་བཟོ་དགོས། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་ལམ་ལུགས་ལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་གཞུང་གི་འགན་ནུས་སྔར་ལས་བསྒྱུར་བཅོས་བྱས་ཏེ། ཚོང་རས་ཐོན་ཁུངས་ལེགས་སྒྲིག་བྱེད་པའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་འདོན་སྤེལ་བྱ་དགོས་ལ། ནུས་ཡོད་སྒོས་ཚོང་རའི་ནང་རྐྱེན་མཐུན་སྦྱོར་བྱས་ཏེ་དཔལ་འབྱོར་བྱ་འགུལ་ཡོད་ཚད་ཞིབ་མཆན་འགོད་པ་མེད་པར་བཟོ་བ་དང་། ལོ་གཉིས་ཀྱི་དུས་ཡུན་ནང་སུམ་ཆའི་གཅིག་གི་ཞིབ་མཆན་འགོད་པའི་དོན་ཚན་མེད་པར་བཟོས་ཏེ། ལྷག་མའི་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་གྱི་དོ་དམ་བྱེད་ཐབས་ཚད་ལྡན་དུ་གཏོང་བའི་ཐད་ཕན་འབྲས་ཡོད་པར་བྱེད་དགོས་པ་དང་། ལྟ་སྐུལ་འགན་ནུས་ཀྱི་ལས་གནས་སྟོང་པར་ལུས་པ་དང་འཁྲུལ་བ། དམིགས་སར་མི་འབྱོར་བ་བཅས་གཏན་འགོག་བྱ་དགོས་ཤིང་། སྲིད་འཛིན་མ་ཡིན་པས་ཆོག་མཆན་ཡོངས་རྫོགས་མེད་པར་བཟོ་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། མི་འདེམ་པ་དང་མི་བཀོལ་བའི་སྤྱི་རྟོན་ཚད་མཐོར་འདེགས། ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛིན་དྲང་གཞག་ཡོང་བར་ཤུགས་རྐྱེན་ཐེབས་པ་དང་ཁྲིམས་འཛིན་ནུས་པར་ཚོད་འཛིན་ཐེབས་པའི་དོན་དངོས་ཀྱི་གནད་དོན་ཐག་གཅོད་དགོས་པ་དང་། སྲིད་ཁྲིམས་ལག་ལེན་དུ་བསྟར་བའི་སྒྲིག་སྲོལ་གཏིང་ཟབ་ཏུ་སྤེལ་ཏེ། སྲིད་ཁྲིམས་ལག་བསྟར་བྱེད་པའི་གོ་རིམ་དང་དབྱེ་འབྱེད་དབང་ཆ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། གཟབ་ནན་སྒོས་ཚད་ལྡན་དང་དྲང་གཞག་ཅན་གྱི་དཔལ་ཡོན་གྱི་ཁྲིམས་ལག་བསྟར་བྱ་བར་སྐུལ་འདེད་གཏོང་དགོས། སྤྱིའི་ཐོན་ཁུངས་བརྗེ་རེས་དེ་ཚོང་ར་ཅན་དུ་བསྒྱུར་བའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་ནང་ཁུལ་གྱི་ཚོང་ར་ཆེན་པོ་ལྔ་སྤྱིའི་ཐོན་ཁུངས་བརྗེ་རེས་ལྟེ་བར་བསྒྱུར་པའི་ལག་བསྟར་ཐབས་ཇུས་བཟོ་བ་དང་། ཇུས་ཆོད་དང་ལྟ་སྐུལ་དོ་དམ། བཀོལ་སྤྱོད་བཅས“དབྱེ་བ་གསུམ”གྱི་སྟེང་ནས་སྤྱི་པའི་ཐོན་ཁུངས་དོ་དམ་གྱི་སྒྲིག་སྲོལ་འཛུགས་དགོས། དཔྱ་ཁྲལ་དང་དངུལ་རྩ། དངུལ་གཏོང་སྒྲིག་སྲོལ། རྒྱལ་དབང་ཁེ་ལས་བཅས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། རུལ་སུངས་སྔོན་འགོག་བྱ་བའི་ཐབས་ལམ་དང་ཉམས་མྱོང་འཚོལ་ཞིབ། སྤྱི་སྡོམ་བཅས་བྱས་ཏེ། བཅོས་བསྒྱུར་གྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་བླང་བྱ་མཚོན་པར་བྱ་དགོས།
ལྔ། ཏང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་བའི་བྱ་བར་གཅིག་གྱུར་གྱིས་མགོ་ཁྲིད་པར་ཤུགས་བསྣོན་དགོས།
(གཅིག)རིམ་པ་སོ་སོའི་ཏང་ཨུ་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་གཙོ་བོ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས།
རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་བཀོད་སྒྲིག་དང་དངོས་འབེབས། ཞིབ་བཤེར་བཅས་བྱ་དགོས། ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་བ་གཙོ་བོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱ་བ་འགན་འཁུར་གཙོ་བོས་ཁུར་དུ་ལེན་པ་ལག་བསྟར་བྱས་ཏེ། དངོས་སུ་བཀོད་སྒྲིག་དང་འདྲི་རྟོག་བྱེད་པ། གནད་ས་གཙོ་བོར་མཐུན་སྦྱོར། གྱོད་དོན་གཙོ་བོར་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། ཚན་ཁག་ལེགས་པར་འཛིན་པ་དང་དཔུང་སྡེར་སྣེ་ཁྲིད་ལེགས་པོ་བྱེད་པ། རང་ཉིད་ལ་བདག་སྐྱོང་ལེགས་པོ་བྱེད་པ། སྤྱོད་གཙང་སྲིད་སྐྱོང་བཅས་ཀྱི་མིག་དཔེ་སྟོན་དགོས། མགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་པས“ལས་གནས་གཅིག་ལ་འགན་འཁྲི་གཉིས”རྒྱུན་འཁྱོངས་བྱས་ཏེ། ལས་བགོས་ལྟར་འགན་འཁྲི་ཁྱབ་ཁོངས་ནང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་ལེགས་པོར་འཛིན་དགོས་ཤིང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་མི་དམངས་མང་ཚོགས་གོ་རིམ་ལྡན་པའི་ངང་གསབ་ཞུགས་བྱེད་པར་སྐུལ་སློང་དང་རྩ་འཛུགས་བྱས་ཏེ། སྤྱི་ཚོགས་ཕྱོགས་སོ་སོར་དགེ་མཚན་ཡོད་པའི་ནུས་པ་འདོན་སྤེལ་བྱ་དགོས།
(གཉིས)རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་གསར་གཏོད་དང་ལམ་ལུགས་ལ་ཤུགས་བསྣོན་པར་འགན་སྲུང་བྱ་དགོས།
རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཨུའི་རྒྱབ་སྐྱོར་འོག ཏང་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་འགན་འཁྲི་ལག་ལེན་དུ་བསྟར་བར་རོགས་རམ་དང་། རིམ་པ་མཚུངས་པའི་ཏང་ཨུ་དང་ལྷག་པར་དུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། ཏང་ནང་ཁུལ་གྱི་ཆེད་དམིགས་ལྟ་སྐུལ་ལས་ཁུངས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བཟང་པོ་བྱ་དགོས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་རིམ་པ་གཉིས་ཀྱི་མགོ་ཁྲིད་ལས་བྱེད་པའི་སྒྲིག་སྲོལ་བྱེ་བྲག་ཅན་དང་གོ་རིམ་ཅན། ལམ་ལུགས་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་བྱེད་པ་དང་། རིམ་པ་གོང་མའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པར་ཤུགས་བསྣན་ཏེ་གོང་རིམ་ལ་སྙན་ཞུ་འབུལ་བ་དང་། དུས་ལྟར་ལས་འགན་སྒྲུབ་སྟངས་གསལ་བོར་བརྗོད་པ། གླེང་མོལ་བྱེད་པ་ལ་སོགས་ཀྱི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་དགོས་ལ། རུལ་སུངས་ཐད་ཀྱི་གྱོད་གཞི་ཞིབ་གཅོད་བྱེད་པ་ལ་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་གཙོ་བོ་ཡིན་དགོས་པ་དང་། ཐག་གཅོད་དང་གྱོད་གཞི་རྩད་གཅོད་ཞིབ་འཇུག་བྱས་པ་དེ་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུ་ལ་སྙན་ཞུ་འབུལ་དགོས་པའི་དུས་མཚུངས་སུ། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ངེས་པར་དུ་སྙན་ཞུ་འབུལ་དགོས་ཤིང་། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པའི་མིང་འདོན་པ་དང་ཞིབ་དཔྱད་བྱས་རྗེས། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་སྡེ་ཁག་དང་མཉམ་དུ་སྤེལ་བ་གཙོ་བོ་བྱ་དགོས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་ལས་ཁུངས་སྡེ་ཁག་ལ་སྒྲིག་བཤེར་ལས་ཁུངས་མངག་གཏོང་བཅའ་སྡོད་བྱེད་པ་དངོས་འབེབས་བྱས་ཏེ། གཅིག་གྱུར་གྱི་མིང་དང་དོ་དམ་ལག་བསྟར་བྱ་དགོས།མངག་གཏོང་བཅའ་སྡོད་ལས་ཁུངས་ཀྱིས་ལྟ་སྐུལ་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། མངག་གཏོང་ལས་ཁུངས་ལ་འགན་འཁུར་དགོས། “གཅིག་གྱུར་གྱིས་དོ་དམ་དང་འབྲེལ་བ་མི་བསྒྱུར་བ། བརྗེ་རེས་བཀོལ་སྤྱོད་དང་བགོ་བཤའ་འགན་སྲུང”བཅས་ཀྱི་རྩ་དོན་ལྟར། ཞིང་ཆེན་ལ་གཏོགས་པའི་རྒྱལ་དབང་ཁེ་ལས་ཀྱི་སྒྲིག་ཨུའི་ཧྲུའུ་ཅིའི་དོ་དམ་བྱ་བ་བཅོས་བསྒྱུར་བྱ་དགོས། སྐོར་ཞིབ་བྱ་བར་ཤུགས་སྣོན་པ་དང་བསྒྱུར་བཅོས་བྱས་ཏེ་སྐོར་ཞིབ་བྱེད་ཚད་ཇེ་མགྱོ གས་སུ་གཏོང་བ་དང་། གྲོང་ཁྱེར་དང་ཁུལ་དང་རྫོང་བཅས་དང་། ཞིང་ཆེན་རིམ་པའི་སྡེ་ཁག ཞིང་ཆེན་ལ་གཏོགས་པའི་ཁེ་ལས་ལས་དོན་ལས་ཁུངས་ཡོངས་སུ་ཁེབས་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐད་རྩོད་གཅིག་ཏུ་བསྡུས་ཏེ། “ཤུགས་ཆེན་པོ་བཞི”འབུར་དུ་ཐོན་པ་དང་། གནད་དོན་ཤེས་པ་གཙིགས་སུ་འཛིན་པ། གཅུན་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱ་དགོས།
རྣམ་པ་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་། ཆེད་དོན་སྐོར་ཞིབ་འཚོལ་ཞིབ་བྱེད་པ། གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་པ་དང་། རིགས་དགར་ནས་ཐག་གཅོད་པ་ཇེ་ཞིབ་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། བརྒྱུད་སྤྲོད་བྱས་ཏེ་དོན་ཚན་དང་དག་ཐེར་བྱེད་ཐབས་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་པར་ཡར་སྐུལ་དང་། གྲོང་ཁྱེར་དང་ཁུལ་གྱི་སྐོར་ཞིབ་བྱ་བའི་འབྲེལ་གཏུག་ལས་ཁུངས་འཛུགས་དགོས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། སྒྲིག་བཤེར་ལྟ་ཞིབ་བྱ་བའི་འགན་འཁྲི་སྔར་ལས་གསལ་བོར་བྱེད་པ་དང་། འགན་ནུས་བསྒྱུར་བ། བྱེད་སྟངས་བསྒྱུར་བ། སྤྱོད་ཚུལ་བསྒྱུར་བ་བཅས་གྱིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་དམ་འཛིན་བྱ་དགོས།
(གསུམ)རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་བྱེད་པའི་བྱ་བའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས།
ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིགས་དགར་ནས་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ་དང་། རྩ་འཛུགས་ལག་བསྟར་དམ་འཛིན་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་དང་། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བྱ་དགོས། སྣེ་ཁྲིད་ལས་ཁུངས་དང་མཐུན་སྦྱོར་རོགས་སྒྲུབ་ལས་ཁུངས་ཀྱིས་རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྲུན་གྱི་ལས་འགན་དེ་ཉིན་རྒྱུན་གྱི་བྱ་བའི་ཁྲོད་འཇོག་པ་དང་། འགན་འཁྲི་དབྱེ་བགོ་དང་གནས་ཚུལ་ཞུ་འབུལ། མཉམ་འབྲེལ་གྲོས་ཚོགས་སོགས་ལམ་ལུགས་བཙུགས་ཏེ། ཕན་ཚུན་ལ་རྒྱབ་སྐྱོར་རོགས་འདེགས་དང་ལས་འགན་དངོས་འབེབས་བྱེད་པ་དམ་འཛིན་བྱ་དགོས། རྩ་འཛུགས་སྡེ་ཁག་གིས་མི་བཀོལ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པའི་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། མི་འདེམ་པ་དང་མི་བཀོལ་བའི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་འགོག་དགོས། དྲིལ་བསྒྲགས་སྡེ་ཁག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་ལེགས་པར་བཟུང་སྟེ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་དགོས་པ་དང་སྒྲིག་བཤེར་ལྟ་ཞིབ་དང་ཁྲིམས་འཛིན། སྲིད་ཁྲིམས་ལག་བསྟར། ཞིབ་རྩིས་སོགས་ལས་ཁུངས་དང་སྡེ་ཁག་གིས་སྒྲིག་ལམ་གཅུན་འདོམས་དང་བཅའ་ཁྲིམས་བཀག་སྡོམ། དཔལ་འབྱོར་ཆད་གཅོད། ཚོང་རའི་ལྟ་སྐུལ། ཚན་རྩལ་གྱི་དེགས་སྐྱོར་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། བྱེད་ཐབས་མང་པོ་འདོན་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཕྱོགས་བསྡུས་ཕན་འབྲས་ཇེ་དྲག་ཏུ་གཏོང་དགོས།
(བཞི)ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པར་ཁག་ཐེག་བྱ་དགོས།
ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་།«ལག་བསྟར་བྱེད་ཐབས»འདིར་ནན་ཏན་གྱིས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་དངོས་འབེབས་བྱས་ནས། དུས་རིམ་རང་བཞིན་གྱི་ལས་འགན་དེ་དུས་ཚོད་གཏན་འཁེལ་ནང་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱ་དགོས་ཤིང་། རྒྱུན་མཐུད་རང་བཞིན་གྱི་བྱ་བ་དེ་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཟུང་དུ་སྦྲེལ་ཏེ་མཐོར་འདེགས་ཡོང་བར་སྐུལ་འདེད་བྱ་དགོས། གནས་ཚུལ་གསར་བ་དང་བླང་བྱ་གསར་བའི་རེ་བ་ལྟར་ལེགས་བཅོས་ཡོང་བའི་བྱ་བ་དེ་དུས་ཐོག་ཏུ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་། བྱ་བའི་རྩིས་ཐོ་ལམ་ལུགས་བཙུགས་ནས་ལས་གཞི་ཅན་གྱི་དོ་དམ་ལག་བསྟར་བྱས་ཏེ། ལས་གཞིའི་བླང་བྱ་དང་འགན་འཁྲི་ལས་ཁུངས། བྱ་བའི་ཚད་གཞི་དང་འཕེལ་ཚད་སོགས་གསལ་བོ་བྱས་བ་བརྒྱུད། ཞིབ་དཔྱད་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ལོ་རེར་བྱ་བའི་འཕེལ་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། སྤྱི་སྡོམ་དང་དཔྱད་འཇོག་བྱས་ཏེ། མི་འདང་ས་འཚོལ་བ་དང་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། ཞིབ་དཔྱད་གཏན་འབེབས་བྱས་པའི་མཇུག་འབྲས་དེ་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པར་བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་གཞི་འཛིན་ས་གཙོ་བོར་བརྩི་དགོས་ལ། དངོས་གནས་ཕན་ཡོད་གྱི་ལམ་ལུགས་བཟོས་ནས་ལག་བསྟར་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་དམ་དུ་བཟུང་བ་མི་བཟང་བ་དང་ཤུགས་རྐྱེན་ངན་པ་བཟོས་པ་ལ། དེའི་མགོ་ཁྲིད་པ་གཙོ་བོ་དང་འབྲེལ་ཡོད་འགན་ཁུར་བའི་འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས།