འབར་ཁམས་སུ་ས་ཡོམ་བྱུང་རྗེས་དུད་ཚང1558ལ་གློག་འདོན་སླར་གསོ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-16


ས་ཡོམ་ཁྲོད་ཀྱི་མང་ཚོགས་ཚོས་ཁ་པར་ལ་གློག་གསོག་བཞིན་པ།

           ཟླ6པའི་ཚེས11ཉིན་གསར་འགོད་པས་རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གློག་ཤུགས་ཉེན་སེལ་མི་སྣས་མྱུར་དུ་ཞིག་གསོ་བྱས་པ་བརྒྱུད་དེ།  སྟོང་ཧྥུ35ཅན་གྱི་གློག་སྒྱུར་ས་ཚིགས1དང་སྟོང་ཧྥུ10ཅན་གྱི་སྐུད་ལམ4ཡི་གློག་ཤུགས་སླར་གསོ་བྱུང་བ་དང་། གློག་སྤྱོད་མཁན་དུད་ཚང1558ཀྱིས་གློག་སྤྱོད་ཐུབ་པར་གྱུར། 

           ཤེས་རྟོགས་བྱུང་བར་གཞིགས་ན། རྔ་བ་ཁུལ་འབར་ཁམས་ཀྱི་མངའ་ཁོངས་སུ་ས་ཡོམ་གྱི་ཤུགས་རྐྱེན་ཐེངས་མང་ཐེབས་པས། ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད12བར་དུ། ས་ཡོམ་གྱིས་སི་ཁྲོན་གློག་དྲའི་སྟོང་ཧྥུ35ཅན་གྱི་གློག་སྒྱུར་ས་ཚིགས4དང་། སྟོང་ཧྥུ35ཅན་གྱི་སྐུད་ལམ2དང་། སྟོང་ཧྥུ10ཅན་གྱི་སྐུད་ལམ9བཅས་ལ་བར་ཆད་བཟོས་པ་དང་། སྤྱོད་མཁན་དུད་ཚང2098ལ་གློག་མེད་པར་གྱུར། 

 

ས་ཡོམ་ཁུལ་གྱི་གནས་སྐབས་བཀོད་སྒྲིག་ས་ཚིགས་སུ་གློག་བཀར་བ། 

           རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀྱིས་ནུས་ཤུགས་ཡོད་རྒུས་མྱུར་དུ་ཞིག་གསོ་བྱས་པ་བརྒྱུད་དེ། ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད12བར་དུ། སྟོང་ཧྥུ35ཅན་གྱི་གློག་སྒྱུར་ས་ཚིགས1དང་སྟོང་ཧྥུ10ཅན་གྱི་སྐུད་ལམ4ཡི་གློག་འདོན་སླར་གསོ་བྱས་པ་དང་། དུད་ཚང1558ཀྱི་གློག་ཤུགས་སླར་གསོ་བྱུང་ཡོད་ལ། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་གནས་སྐབས་བཀོད་སྒྲིག་ས་ཚིགས་སུ་སྤོས་པའི་གྲོང་མི་དུད་ཚང540ཚང་མས་འཕྲལ་སྡོམ་གློག་འདོན་འཕྲུལ་ཆས་བཀོལ་ནས་གནས་སྐབས་སུ་གློག་སྤྱོད་ཐུབ་པར་གྱུར་ཡོད།  

           མིག་སྔར་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཁོངས་གཏོགས་ཀྱི་རྒྱལ་ཁབ་གློག་དྲ་རྔ་བ་གློག་འདོན་ཀུང་སིས་གློག་ཤུགས་མྱུར་དུ་ཞིག་གསོ་བྱེད་མཁན་ཁྱོན་མི153དང་། རླངས་འཁོར39དང་། མི་མེད་གནམ་གྲུ5དང་། འཕྲལ་སྡོམ་གློག་འདོན་འཕྲུལ་ཆས16དང་། འཕྲལ་སྡོམ་གློག་སྒྲོན7སོགས་འཕྲལ་སྡོམ་སྒྲིག་ཆས་བསྡུས་ནས་ཡོམ་འགོག་གེགས་སེལ་ལ་ཞུགས་ཡོད་ཅིང་། གཞན་ཡང་རྒྱལ་ཁབ་གློག་དྲ་མེན་དབྱང་དང་ཏེ་དབྱང་གློག་འདོན་ཀུང་སི་དང་། རྒྱལ་ཁབ་གློག་དྲ་སི་ཁྲོན་འཕྲལ་སྡོམ་ལྟེ་གནས། རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་གཏོང་གློག་སྒྱུར་ཀུང་སི་སོགས་ལས་ཁུངས་ཀྱི་ཉེན་སེལ་མི་སྣ་བསྡུ་རུབ་བྱས་ནས་འབར་ཁམས་ས་ཁུལ་གྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1