༄༅།། བྲག་འགོ་རྫོང་གི་རྡོའི་དུར་སྒམ་གྱི་ཚོགས།

སྒྲོལ་ཚེས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-17



སྒྲོལ་ཚེས་བསྒྱུར། དཀོན་རྡོས་པར་བླངས། 



 

གདོང་འབག ། 


 

ཟངས་རྔ།

        ཁམས་བྲག་འགོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཤར་རྒྱུད་དུ་རྟའུ་རྫོང་དང་། ནུབ་བྱང་དཀར་མཛེས་རྫོང་དང་ས་མཚམས་འབྲེལ་ཡོད་ལ། ལྷོ་ནུབ་ཏུ་ཉག་རོང་རྫོང་དང་། བྱང་ཕྱོགས་གསེར་རྟ་རྫོང་དང་འབྲེལ་ཡོད། བྱང་ཤར་རྔ་བ་ཁུལ་གྱི་འཛམ་ཐང་རྫོང་དང་ཆུ་ཆེན་རྫོང་གཉིས་ཀྱི་ཁྱིམ་མཚེས་ཡིན་པར་མ་ཟད། ཁམས་བྱང་གི་ལྟེ་གནས་དང་འགྲིམ་འགྲུལ་ས་གནས་གལ་ཆེན་ཞིག་ཡིན། མངའ་ཁོངས་སུ་རོང་འབྲོག་གཉིས་ཀ་ཡོད་ལ། གནམ་གཤིས་དང་ཡུལ་ལྗོངས་མི་རྣམས་ལ་ཤིན་ཏུ་འཚམ་པོ་ཡོད། བྲག་འགོ་ནི་ཧོར་གླིང་གཡུལ་འགྱེད་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་བཤད་སྲོལ་འདུག་ཅིང་། གླིང་རྗེ་གེ་སར་རྒྱལ་པོས་གནས་འདི་གར་དམག་འཐབ་བྱས་མྱོང་ཞིང་མི་སེམས་སྒུལ་བའི་ངག་རྒྱུན་དང་ཕུན་སུམ་ཚོགས་པའི་རྗེས་ཤུལ་གྲངས་མེད་ཅིག་བཞག་ཡོད། བྲག་འགོ་ནི་རྒྱལ་ནང་གསར་བརྗེའི་དམག་འཁྲུག་གཉིས་པའི་དུས་སྐབས་ཀྱི་གསར་བརྗེའི་གནས་གཞི་རྙིང་པ་ཞིག་ཡིན་ལ། 1936ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་གི་དམག་དཔུང་ཕྱོགས་ཁག་བཞི་པ་བྲག་འགོ་རུ་འབྱོར་བ་དང་། དེར་བཅའ་སྡོད་དང་ངལ་གསོ་དག་ཐེར་བྱས་མྱངས་པར་མ་ཟད་ལོ་ཕྱེད་ལྷག་ཙམ་གྱི་རྗེས་སུ་རྫོང་དང་ཡུལ་ཤོག་གི་སྲིད་གཞུང་བཙུགས་པ་རེད།

 


ཡུ་ཟུང་རྫ་དབྱིབས། 


 

ཚོན་ལྡན་རྫ་སྣོད།


 

ཡུ་ཟུང་རྫ་སྣོད་གཟེ་དབྱིབས་ཅན།


        ལོ་ངོ་3000ལྷག་གི་ཡར་སྔོན་གྱི་དུང་དཀར་དང་འགྲོན་བུ། བྱུ་རུ་སོགས་མཚོ་གནས་སྲོག་ཆགས་ཀྱི་རྗེས་ཤུལ་མང་པོ་གནས་འདིའི་ས་འོག་ནས་བུད་ཡོད་ལ། དེ་དག་ལས་གནས་འདི་ནི་གནའ་སྔ་མོའི་དུས་སྐབས་སུ། རྒྱ་མཚོ་དང་འབྲེལ་བ་ཡོད་པའམ། ཡང་ན་ལྷོ་ཕྱོགས་ཀྱི་དར་གོས་ཚོང་ལམ་དང་འབྲེལ་བ་ཡོད་པ། དེ་དག་ར་སྤྲོད་བདེན་དཔང་བྱ་ཆེད། 2020ལོའི་ཟླ་9པའི་ཚེས་1ཉིན། ལྷོ་ཕྱོགས་ཀྱི་དར་གོས་ཚོང་ལམ་འཚོལ་ཞིབ་བྱེད་པ་དང་། དཀར་མཛེས་ཀྱི་དར་གོས་ལམ་བུའི་ཤེས་དཔལ་ལ་ཤེས་རྟོགས་བྱེད་པ་ཞེས་པའི་རིགས་གཅིག་མཁས་ཅན་གྱི་ཚན་རིག་རྟོག་ཞིབ་པ་སྐོར་ཞིག་བྲག་འགོ་རྫོང་དུ་སོང་ནས་ས་གནས་དེ་གའི་རྡོའི་དུར་སྒམ་གྱི་ཚོགས་དང་ས་གནས་དེ་གའི་ལོ་རྒྱུས་ཀྱི་རྗེས་ཤུལ་སོགས་ལྷོ་ཕྱོགས་དར་གོས་ཚོང་ལམ་དང་འབྲེལ་བ་ཡོད་མེད་ཐད་འཚོལ་ཞིབ་དང་རྟོག་ཞིབ་བྱས།


 

རིན་པོ་ཆེས་བརྒྱན་པའི་མཚོན་ཆས། 

 

ཚོན་ལྡན་ཟངས་ཕོར།


        ཉག་ཆུའི་འབབ་རྒྱུད་དུ་རྡོའི་དུར་སྒམ་དུར་འཇུག་གི་རིག་གནས་དར་རྒྱས་ཆེན་པོ་ཡོད། རིག་གནས་དོ་དམ་སུའོ་ཡི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། རྫོང་ཡོངས་སུ་རྡོའི་དུར་སྒམ་གྱི་ཚོགས་25ལྷག་ཡོད་ལ། དེ་ལས་རྡོའི་དུར་སྒམ་ཆེན་པོ་100ཡི་རྗེས་ཤུལ་ནང་བྲག་འགོ་རྫོང་དུ་རྡོའི་དུར་སྒམ་6གི་རྗེས་ཤུལ་དེ་དག་ནི་བརྡ་ཆུ་དང་ཉི་ཆུ། ཤེར་ཆུའི་ནུབ་ངོས་ཀྱི་དམའ་སར་ཐར་ཐོར་ངང་ཁྱབ་ཡོད་ལ། དུས་ཚོད་ནི་རྡོ་ཆས་གསར་མའི་དུས་རབས་ནས་ཧན་རྒྱལ་རབས་བར་ཡིན་པ་རེད།

        བྲག་འགོ་རྫོང་གི་རྡོའི་དུར་སྒམ་གྱི་ཚོགས་ལ་རིགས་གཉིས་ཡོད་དེ། གཅིག་ནི་མཁར་གསར་གྱི་དུར་སྒམ་གྱི་ཚོགས་ཀྱིས་ཚབ་མཚོན་པའི་བེམ་པོ་དུར་འཇུག་བྱ་དུས་ཟངས་ཆས་ཀྱི་ཡོ་བྱད་སྣ་ཚོགས་མཉམ་དུ་དུར་འཇུག་བྱེད་པ། གཞན་ཞིག་ནི་བྲག་འགོ་རྫོང་གི་ནུབ་ཕྱོགས་སུ་ཡོད་པའི་དུར་སྒམ་གྱི་ཚོགས་ཀྱིས་ཚབ་མཚོན་པའི་བེམ་པོ་དུར་འཇུག་བྱ་དུས་རྫ་ཆས་ཀྱིས་ཕྱེད་ཀ་ཙམ་བཟུང་པ་དེ་གཉིས་རེད། གཞི་མདའ་ཡུལ་ཤོག་མགར་ར་གྲོང་པའི་རྡོའི་དུར་སྒམ་གྱི་ཚོགས་ལ་གོང་གསལ་གྱི་ཁྱད་ཆོས་གཉིས་པོ་འཛོམས་ཡོད།

 


མཚོན་ཆ་ཐོག་པའི་དཔའ་རྟུལ། 

 

མཆོད་བྱད།


 

ཟངས་མདུང་།

        བྲག་འགོ་རྫོང་མཁར་གསར་མཚེའུ་ཡི་རྡོའི་དུར་སྒམ་གྱི་ཚོགས་ནི་1984ལོའི་ལོ་མགོར། མཁར་གསར་མཚེའུ་རུ་ཆུ་ཤུགས་གློག་འདོན་ས་ཚིགས་བསྐྲུན་ནས་ཆུ་འདྲེན་ཆུ་རྐ་རྐོ་བའི་སྐབས་སུ་གསར་རྙེད་བྱུང་བ་དང་། དེའི་སྔོག་འདོན་ལས་ཀ་དེ་ཟླ་5པའི་ཟླ་མགོར་འགོ་ཚུགས་པ་དང་ཟླ་7པའི་ཟླ་དཀྱིལ་དུ་མཇུག་སྒྲིལ་ཞིང་། སྔོག་འདོན་ལས་ཀ་དེ་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་དང་དཀར་མཛེས་ཁུལ་རིག་གནས་ཅུས་གཉིས་ཀྱིས་མཉམ་འབྲེལ་ཐོག་རྩ་འཛུགས་བྱས་པ་རེད། སྔོག་འདོན་བྱ་སའི་རྒྱ་ཁྱོན་ཡོངས་ལ་སྨི་གྲུ་བཞི་མ་6000ཙམ་ཡོད་ལ། ཆུ་འདྲེན་ཆུ་རྐའི་ནུབ་ངོགས་དང་མཚེའུ་ཡི་མཐའ་འཁོར་དུ་འཚོལ་ཞིབ་དང་སྔོག་འདོན་གཏིང་ཟབ་མ་བྱས། ཆུ་འདྲེན་ཆུ་རྐ་ཁོ་ན་ནས་དུར་སྒམ་བང་སོ་275སྔོག་འདོན་གཙང་བཤེར་བྱས་ལ་དེ་ནི་རྒྱལ་ཡོངས་ཀྱི་མངའ་ཁོངས་ལས་ཆེས་ཆེ་བའི་རྡོའི་དུར་སྒམ་གྱི་ཚོགས་ཡིན་པ་དང་། རྡོའི་དུར་སྒམ་དེ་དག་གི་བཟོ་སྐྲུན་ཐབས་ཤེས་མི་འདྲ་བ་དང་། དབྱིབས་དང་རྣམ་པ་འདྲ་མིན་སྣ་ཚོགས་ཡོད། དུར་སྒམ་ཧྲིལ་པོ་རྡོ་བ་ལས་གྲུབ་པའི་རྡོའི་དུར་སྒམ་ཅན་དང་། རྒྱུན་དུ་མཐོང་རྒྱུ་ཡོད་པའི་རྡོའི་དུར་སྒམ་ཅན། སྟབས་བདེ་མོའི་ངང་གྲུབ་པའི་རྡོའི་དུར་སྒམ་དང་སྣ་མང་རྙོག་འཛིང་ཅན་གྱི་རྡོའི་དུས་སྒམ་བཅས་ཆེ་ས་ནས་རིགས་བཞིར་དབྱེ་ཆོག །

 

 

མཆོད་བྱད། 

        མཚོ་མགོ་ཡུལ་ཤོག་གི་རྡོའི་དུར་སྒམ་གྱི་ཚོགས་ནི་བྲག་འགོ་རྫོང་མཁར་གསར་མཚེའུ་ཡི་བྱང་རྒྱུད་དུ་གནས་ཡོད་ལ། ས་གནས་དེ་ནས་རྡོའི་དུར་སྒམ་ནང་ནས་རིག་དངོས་ཆིག་སྟོང་ལྷག་ཙམ་རྙེད། ཕལ་ཆེར་ལོ་ངོ་3000སྔོན་གྱི་གདོད་མའི་རུས་རྒྱུད་སྤྱི་ཚོགས་ཀྱི་དུས་རིམ་ཡིན་པ་དང་རྩྭ་ཐང་གི་རུ་བ་སྤོ་བའི་མི་རིགས་ཀྱི་སྤྱི་པའི་དུར་སར་གཏོགས། ས་འོག་ནས་ཟངས་ཆས་དང་རྡོ་ཆས། རུས་པའི་ཡོ་ཆས་དང་གཡང་ཊི། མ་ན་ཧོ་སོགས་རྒྱན་ཆས་སྣ་ཚོགས་དང་བ་སོའི་ཐོན་རྫས་སོགས་འབོར་ཆེན་ཐོན་པ་དང་། དེ་ལས་མཁར་གསར་མཚེའུའི་ངོགས་སུ་ལོ་ངོ་ཉིས་སྟོང་ལྷག་གི་རིང་མིའི་རིགས་ཀྱིས་རྒྱུད་སྤེལ་བྱས་ནས་འཚོ་བ་རོལ་བའི་ལོ་རྒྱུས་མཚོན་ཞིང་། མིག་སྔའི་བར་དུ་རྒྱལ་ཡོངས་ཀྱི་མངའ་ཁོངས་ནས་རྙེད་པའི་གནའ་བོའི་རྡོའི་དུར་སྒམ་གྱི་ཚོགས་ཆེས་ཆེ་ཤོས་དེ་ཡིན་འདུག །

        སྤྱི་ལོ་1984ལོའི་ཟླ་4པའི་ཚེས་27ཉིན། བྲག་འགོ་རྫོང་གི་མཁར་གསར་མཚེའུའི་འགྲམ་རྒྱུད་ནས་རྙེད་པའི་རྡོའི་དུར་སྒམ་གྱི་ཚོགས་དེ་ཚོད་དཔག་བྱས་པ་ལྟར་ན། དེ་ནི་ཁྲུན་ཆིའུ་ཀྲན་གོའི་རྒྱལ་རབས་ནས་ཧན་ནུབ་མའི་བར་གྱི་རུ་སྤོ་ཚོ་པའི་རུས་རྒྱུད་ཀྱི་སྤྱིའི་དུར་ས་ཡིན་པ་ཁག་ཐེག་བྱས། དུར་སར་ཡོངས་སུ་བེམ་པོ་དང་མཉམ་དུ་དུར་རྫས་དུར་འཇུག་པའི་བང་སོ་148ཡོད་པ་དེས་དུར་ས་ཡོངས་ཀྱི་54%ཟིན་པ་དང་། བེམ་པོ་དུར་འཇུག་བྱས་ཚེ་དུར་རྫས་མེད་པའི་བང་སོ་127ཡོད་པ་དེས་དུར་ས་ཡོངས་ཀྱི་46%ཟིན་ཡོད། དུར་རྫས་ལ་ཟངས་ཆས་ཡོ་བྱད་དང་རྡོ་ཆས། རུས་པའི་ཡོ་ཆས་སོགས་རྒྱན་ཆ་སྣ་ཚོགས་དང་བ་སོའི་ཐོན་རྫས་སོགས་ཡོད།

 


ཤྭ་བ་རྭ་རིང་། 

 

ཟངས་ཀྱི་རྟ་བབས།


 

ར་ལ་ཞོན་པའི་དཔའ་རྟུལ།


        ཟངས་ཆས་སུ། མདུང་རྒོད་(戈)5དང་རལ་གྲི་(剑)1 མདུང་(矛)8དང་གཞོག་(削)4 ཟངས་མདོང་(铜筒)4 ཟངས་ཀྱི་ལག་གདུབ་(铜手镯)136 སྲུབ་མདའ་(鞲)1 ཟངས་ཀྱི་ལྦུ་རྒྱན་(铜双连泡饰)3དང་སྣོལ་དབྱིབས་ལྦུ་རྒྱན་(叉形双连泡饰)2 ཟངས་ཀྱི་ཝུ་རྒྱན་(铜泡饰)53 སྒྲོག་རྒྱན་(扣)8 སྙུང་དབྱིབས་ཡོ་ཆས་(锥形器)5དང་བཙིར་ཆས་(夹)2 ཟངས་ཀྱི་གདུབ་བུ་(铜环)6དང་རྣ་དབྱིབས་ཟངས་རྒྱན་(耳形铜饰)1 ཟངས་ཀྱི་དྲིལ་བུ་(铜铃)1དང་ཟངས་ལུག་གི་རྒྱན་ཆས་(铜羊形饰)1

        རྡོ་ཆས་སུ། བསྡོམས་པས་489ཡོད་ལ་ནང་གསེས་སུ་བརྡར་བཟོའི་རྡོ་ཆས་(磨制石器)5ཡོད་ལ་(གྲི་(刀)1དང་མདའ་མོ་(箭镞)4)རྡོ་ཆས་ཕྲ་ཞིབ་(细石器)484ཡོད།

        རུས་ཆས་སུ། བསྡོམས་པས་55ཡོད་ལ་ནང་གསེས་སུ་རུས་ཆས་(骨器)28དང་རུས་ཁབ་(骨针)25  རུས་འཁོར་(骨轮)1དང་རུས་པ་(骨)1བཅས་ཡོད། 

        རྒྱན་ཆས་སུ། མ་ན་ཧོའི་ཕྲེང་རྡོག་(玛瑙珠)34དང་མ་ན་ཧོའི་སྣོད་(玛瑙管)21དེ་མིན་སྲ་འཁྲེགས་ཀྱི་གཡང་ཊི་(硬玉石)དང་གཡུ་སྔོན་པོའི་(碌松石)རྒྱན་ཆས་སོགས་ཡོད།

        བྲག་འགོ་རྫོང་མཁར་གསར་མཚེའུའི་རྡོའི་དུར་སྒམ་ནས་ཐོན་པའི་དངོས་རྫས་ད་ལྟ་དཀར་མཛེས་ཁུལ་བོད་རིགས་དངོས་མང་བཤམས་སྟོན་ཁང་དང་བྲག་འགོ་རྫོང་བཤམས་སྟོན་ཁང་དུ་བསྡུ་ཉར་བྱས་ཡོད། ། 

  

རྡོ་རྗེ་ཕུར་བ། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1