བྲག་མགོའི་མཁའ་རུ་ན་ཆུང་བྱིས་པའི་གླུ་སྐད་སྙན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-20



བྲག་མགོའི་མཁའ་རུ་ན་ཆུང་བྱིས་པའི་གླུ་སྐད་སྙན། 

རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་བྲག་མགོའི་ལ་གླུ་བརྒྱུད་འཛིན་དར་སྤེལ་ཇེ་དྲག་ཏུ་གཏང་བ་དང་། བྲག་མགོའི་ལ་གླུའི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་ཆེ་རུ་གཏང་ཤིང་། བྲག་མགོ་ལ་གླུའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ཏེ། ན་ཆུང་བྱིས་པའི་གླུ་པ་ཆུང་དུས་ནས་གསོ་སྐྱོང་བྱ་ཆེད། ཉེ་བའི་སྔོན་བྲག་མགོ་རྫོང་གིས་རྫོང་དེའི་ལི་ཁོག་མ་སྟོད་མ་ལོ་དགུ་གཅིག་བརྒྱུད་སློབ་གྲྭ་རུ་རབ་སྙན་བོད་ཀྱི་ན་ཆུང་བྱིས་པའི་ལ་གླུ་འགྲན་སྡུར་སྐབས་ལྔ་པ་སྤེལ་བ་རེད། 


བྲག་མགོའི་མཁའ་རུ་ན་ཆུང་བྱིས་པའི་གླུ་སྐད་སྙན། 

    ཐེངས་འདིའི་བྱེད་སྒོ་དེ་བྲག་མགོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་བྲག་མགོ་རྫོང་རིག་གནས་རྒྱང་སྒྲོག་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། བྲག་མགོ་རྫོང་རིག་གནས་ཁང(རྫོང་གཟུགས་མེད་རིག་གནས་ཤུལ་བཞག་ལྟེ་གནས)དང་བྲག་མགོ་རྫོང་ལི་ཁོག་མ་སྟོད་མ་ལོ་དགུ་གཅིག་བརྒྱུད་སློབ་གྲྭས་སྒྲུབ་འགན་ཁུར་བ་རེད། ཐེངས་འདིའི་འགྲན་སྡུར་ནང་ཞུགས་མཁན་གྱི་འགྲན་མི32དེ་བྲག་མགོ་དང་རྟའུ།གསེར་རྟ། དཀར་མཛེས། ཉག་རོང་སོགས་ནས་ཡོང་བ་ཡིན་ཤིང་། འགྲན་སྡུར་ནང་ཞུགས་མཁན་འགྲན་མིས་སྲོལ་རྒྱུན་གྱི་རྒྱན་གོས་གྱོན་ནས་གདོད་མའི་ལ་གླུ་ལེན་པ་རེད། 

བྲག་མགོའི་མཁའ་རུ་ན་ཆུང་བྱིས་པའི་གླུ་སྐད་སྙན། 

   གཙོ་གཉེར་ཕྱོགས་ཀྱིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལ་གླུ་བརྒྱུད་འཛིན་པ་དང་རིག་རྩལ་ཆེད་ལས་མི་སྣ་གདན་དྲངས་ནས་དཔྱད་འདེམས་ཨུ་ལྷན7བཙུགས་ཏེ་ཡུལ་དངོས་སུ་སྐར་གྲངས་དཔྱད་བསྡུར་བྱས་པ་རེད། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་བྱམས་པ་ཆོས་གྲགས་དང་ཁུལ་རིམ་པའི་ལ་གླུ་བརྒྱུད་འཛིན་པ་ཚེ་རིང་དར་རྒྱས་གཉིས་ཀྱིས་གླུ་ལེན་པ་རེད། མཐར་འགྲན་སྡུར་ནང་ཨང་དང་པོ་གཅིག་དང་ཨང་གཉིས་པ་གསུམ། ཨང་གསུམ་པ་ལྔ། ཕུལ་བྱུང་དྲུག་བཅས་ལ་བྱ་དགའ་སྤྲད་པ་རེད། 

   ཐེངས་འདིའི་འགྲན་སྡུར་ལས་བྲག་མགོ་རྫོང་ན་ཆུང་བྱིས་པའི་ལ་གླུ་པ་ཆུང་ཆུང་རྣམས་ཀྱི་ཉམས་འགྱུར་མངོན་པར་མ་ཟད། བྲག་མགོ་ལ་གླུའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1