༄༅།།བདེ་ཆེན་དུ་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-24


3.jpg

4.jpg

5.jpg

7.jpg

འདི་དག་ནི་དབྱར་གཞུང་གི་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་སོ་སོ་ཡིན།

     དབྱར་ཟླ་དྲུག་པ་སླེབས་པའི་ཚུན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་གཅིག་གི་ནང་ཆེས་མཛེས་པའི་ཡུལ་སྐོར་དུས་ཚིགས་བསུས་ཤིང་། བདེ་ཆེན་ནང་ཁུལ་གྱི་ཡུལ་སྐོར་བ་དག་གཅིག་རྗེས་གཉིས་མཐུད་ངང་སེམས་ཀྱི་ཉི་ཟླའི་དབྱར་གཞུང་གི་མཛེས་ལྗོངས་ལ་བལྟ་རུ་སླེབས་ཡོད།

རྡོ་མཁར་རྫོང་གནའ་གྲོང་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད་ལ། མཚན་མོ་སླེབས་པ་དང་བསྟུན་ཕྱོགས་བཞིའི་སྲང་ལམ་དུ་མི་རྣམས་ཀྱིས་ཁེངས་ཏེ། ས་གནས་མང་ཚོགས་ཡུལ་སྐོར་བ་དང་མཉམ་དུ་སྐོར་བ་བརྒྱབ་ནས་སྐོར་བྲོ་འཁྲབ་བཞིན་ཡོད།

གྲོང་ཁུལ་མཐའ་འཁོར་གྱི་རི་འདབས་སུ་པད་ཁའི་མེ་ཏོག་རབ་ཏུ་བཞད་པ་དང་། པད་ཁའི་ཞིང་ཁར་ལྟ་སྐོར་དུ་ཕྱིན་ཚེ་བསིལ་རླུང་ལྡིང་ཞིང་། རྒྱང་རིང་ལ་བལྟས་ཚེ་སྣང་བ་སྐྱིད་པའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་ཡོང་། ལམ་པ་དང་ཡང་ན་ཡུལ་སྐོར་བས་པར་ཆས་སྤྱད་ནས་མཛེས་ལྗོངས་དེར་རོལ་མྱོང་བྱེད་བཞིན་ཡོད།

དབྱར་གཞུང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དུ་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་ནས་ཡུལ་ལྗོངས་ལྟ་ན་སྡུག་ལ། ལི་ཅིང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྲོང་ཚོ་བར་ནས་བརྒྱུད་དེ་མཐོ་སྒང་གི་དབྱར་ལྗོངས་དང་གཞི་གཅིག་ཏུ་འདྲེས་པ་དང་། ལྕགས་ལམ་དེ་སེམས་ཀྱི་ཉི་ཟླ་ནས་ལི་ཅིང་བར་གྱི་མྱུར་བགྲོད་གཞུང་ལམ་དང་མཉམ་དུ་གཤིབས་ཡོད་པས། ལམ་ཐིག་ཧྲིལ་པོ་དེ་སྐྱེ་ཁམས་དང་རང་བྱུང་ཁམས་དང་མཉམ་དུ་འདྲེས་ནས་མཛེས་ལྗོངས་ཞིག་ཏུ་གྲུབ་ཡོད། ། 



རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1