ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་དོན་མི་སྣས་སེར་ཤུལ་རྫོང་ཤིང་རོང་ཤང་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་བྱ་སྲེག་པས་རྩྭ་ཐང་དུ་ཟས་འཚོལ་ཚུལ་མཐོང་ཡོད།
བྱ་སྲེག་པ་ལ་“གཡུ་འབྲུག་གཤོག་ཅན”ཞེས་འབོད་སྲོལ་ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། བྱ་གོང་མོའི་རིགས་ཀྱི་ཁོངས་སུ་གཏོགས་ཤིང་། གཟུགས་འབྲིང་ལ་ཕུག་རོན་ལས་ཆེ་བ་ཡོད།
ཤིད་གོང་རྔ་ཁྲ་ནི་རང་རྒྱལ་གྱི་བྱང་ཤར་ས་ཆར་མང་པོ་ཡོད་ལ། དེ་མིན་མོང་གོལ་དང་ཁྲའོ་ཞན། ལྗར་པན་བཅས་རྒྱལ་ཁབ་ལ་མཐོང་རྒྱུ་ཡོད། ཤིད་གོང་རྔ་མ་ཁྲ་ཐིག་ཅན་ནི་རང་རྒྱལ་གྱི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་ས་ཁུལ་དུ་ཡོད།