ཉེ་ཆར། ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)འབྲི་ཆུའི་ཚན་རིག་རྟོག་ཞིབ་ཀྱི་སྔོན་སྐྱོད་རུ་མི་ཀྲང་ཡུང་དང་བཅས་པས་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྐབས། མཚོ་བོད་གཞུང་ལམ་གྱི་རྭ་ཁྲི་ཆུ་བོ་རྒྱུད་དུ་རི་རྒྱུད་དམར་པོ་ཞིག་རྙེད་ཅིང་། དེ་ནི་མཚོ་བོད་ས་མཐོའི་རྒྱལ་ལམ་109ལམ་རྒྱུད་ཀྱི་བརྗིད་ཆགས་ལྡན་པའི་ས་གཤིས་གནའ་ཤུལ་ཞིག་རེད། རི་རྒྱུད་དེ་ནི་དཀར་རག་དུས་རབས་ཀྱི་ཀལ་རྫས་འགྱིག་ཕྱེ་དང་། ཟེགས་རྡོ་ཞིབ་མོ་དང་གནའ་བོའི་ཉེ་དུས་ཀྱི་འདུས་རྡུལ་བྲག་རྡོ་རིལ་མ་སྨུག་སྐྱ་དང་ཁམ་དམར་ལས་གྲུབ་ཅིང་། ཤར་ནས་ནུབ་དུ་ཕྱོགས་ཤིང་། རི་ལྡེབས་གཉིས་ཆ་མི་སྙོམས་པ། ལྷོ་གཟར་ཞིང་བྱང་གྱེན་གསེག། ས་རིམ་གཤགས་ངོས་ཆེན་པོ་ཕྱིར་ཐོན་པ་བཅས་ཡིན།
གནའ་ཤུལ་དེ་ཤེས་རྟོགས་བྱུང་བ་དེས་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ས་གཤིས་སྣ་མང་རང་བཞིན་གྱི་སྤྱི་གླིང་གི་མཛེས་ལྗོངས་ཤིག་བཏོད་པ་མ་ཟད། ཚན་རིག་ཞིབ་འཇུག་གི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།