ཞི་ཅིན་ཕིང་གིས་འབྲུ་འདེབས་དུད་ཆེན་ལ་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-30



     འཕྲིན་ལན། 

      བློ་མཐུན་ཞུས་ཚུང་ཞང་།

      སྐུ་ཁམས་བཟང་། ཁྱེད་ཀྱི་འཕྲིན་ཡིག་འབྱོར་བྱུང་། ངས་ཨན་ཧུའེ་ཐའེ་ཧོ་ཡི་འབྲུ་འདེབས་འཇོན་ཐང་ཅན་ཁྱེད་རང་དྲན་གསོས་ཀྱི་འདུག ཁྱེད་རང་གིས་བཏབ་པའི་གྲོ་ལ་ལོ་ལེགས་བྱུང་བ་མ་ཟད། བུ་ཚ་ཚོས་ཀྱང་ཁྱེད་དང་མཉམ་དུ་ཞིང་ལས་བྱེད་པ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་།

      མཛོད་ཁང་འབྲུ་ཡིས་ཁེངས་གྱུར་ན། དངངས་འཚབ་ཆེན་པོ་ལངས་དོན་མེད། འབྲུ་རིགས་ཐོན་སྐྱེད་ཐད་ངས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་ཀྱང་རྟག་ཏུ་ཞིང་ནང་དང་མུ་ཁར་ལྟ་བར་འགྲོ་གི་ཡོད། ལོ་འདི་དག་ནང་ཏང་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་དོན་ནི། ཀྲུང་གོ་བས་རང་ཉིད་ཀྱི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་དང་། འབྲུ་འདེབས་ཞིང་པར་ཡོང་འབབ་དང་ཕན་པ་དངོས་ཐོབ་པར་བྱས་ནས་འཚོ་བ་ཇེ་ལེགས་སུ་འགྲོ་ཆེད་རེད། འབྲུ་འདེབས་དུད་ཆེན་གྱིས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གི་ལེགས་ཆ་འདོན་སྤེལ་བྱས་ནས་དེང་རབས་ཀྱི་ཞིང་ལས་ཚན་རྩལ་ཧུར་ཐག་སྤྱད་དེ། རྒྱ་ཆེའི་ཞིང་དུད་ཆུང་གྲས་ཀྱིས་འབྲུ་རིགས་མང་ཙམ་འདེབས་པ་དང་འབྲུ་རིགས་སྤུས་དག་འདེབས་རྒྱུར་སྐུལ་ཁྲིད་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཆེད་མཉམ་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

      ཁྱེད་ཀྱིས་ངའི་ཚབ་བྱས་ནས་ཡུལ་མི་ཚོར་མཚམས་འདྲི་ཞུ་རོགས།

     ཞི་ཅིན་ཕིང་། 

 

     2022ལོའི་ཟླ་6ཚེས་27ཉིན།

      (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་འབྱོར་བའི་གློག་འཕྲིན)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཆེན་ཐའེ་ཧོ་རྫོང་གི་འབྲུ་འདེབས་དུད་ཆེན་ཞུས་ཚུང་ཞང་ལ་འཕྲིན་ལན་སྤྲིངས་ཏེ། ས་གནས་དེ་གའི་ཡུལ་མི་ཚོར་འཚམས་འདྲི་གནང་བ་དང་སྦྲགས། རྒྱལ་ཡོངས་ཀྱི་འབྲུ་འདེབས་དུད་ཆེན་ལ་ཐུགས་རེ་ཟབ་མོའང་གནང་བ་རེད།

      འཕྲིན་ལན་ནང་ཞི་ཅིན་ཕིང་གིས། ངས་ཨན་ཧུའེ་ཐའེ་ཧོ་ཡི་འབྲུ་འདེབས་འཇོན་ཐང་ཅན་ཁྱེད་རང་དྲན་གསོས་ཀྱི་འདུག ཁྱེད་རང་གིས་བཏབ་པའི་གྲོ་ལ་ལོ་ལེགས་བྱུང་བ་མ་ཟད། བུ་ཚ་ཚོས་ཀྱང་ཁྱེད་དང་མཉམ་དུ་ཞིང་ལས་བྱེད་པ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།

      ཞི་ཅིན་ཕིང་གིས། མཛོད་ཁང་འབྲུ་ཡིས་ཁེངས་གྱུར་ན། དངངས་འཚབ་ཆེན་པོ་ལངས་དོན་མེད། འབྲུ་རིགས་ཐོན་སྐྱེད་ཐད་ངས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་ཀྱང་རྟག་ཏུ་ཞིང་ནང་དང་མུ་ཁར་ལྟ་བར་འགྲོ་གི་ཡོད། ལོ་འདི་དག་ནང་ཏང་ཀྲུང་དབྱང་གིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་དོན་ནི། ཀྲུང་གོ་བས་རང་ཉིད་ཀྱི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་དང་། འབྲུ་འདེབས་ཞིང་པར་ཡོང་འབབ་དང་ཕན་པ་དངོས་ཐོབ་པར་བྱས་ནས་འཚོ་བ་ཇེ་ལེགས་སུ་འགྲོ་ཆེད་རེད། འབྲུ་འདེབས་དུད་ཆེན་གྱིས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གི་ལེགས་ཆ་འདོན་སྤེལ་བྱས་ནས་དེང་རབས་ཀྱི་ཞིང་ལས་ཚན་རྩལ་ཧུར་ཐག་སྤྱད་དེ། རྒྱ་ཆེའི་ཞིང་དུད་ཆུང་གྲས་ཀྱིས་འབྲུ་རིགས་མང་ཙམ་འདེབས་པ་དང་འབྲུ་རིགས་སྤུས་དག་འདེབས་རྒྱུར་སྐུལ་ཁྲིད་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཆེད་མཉམ་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

      ཞུས་ཚུང་ཞང་ནི་ཨན་ཧུའེ་ཞིང་ཆེན་ཧྥུའུ་དབྱང་གྲོང་ཁྱེར་ཐའེ་ཧོ་རྫོང་ཅིའུ་ཤན་གྲོང་རྡལ་ཀྲང་ཁུའེ་གྲོང་ཚོའི་ཞིང་པ་ཡིན་ཞིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་བློ་རྩེ་གཅིག་སྒྲིམ་གྱིས་ཞིང་ལས་ཚན་རིག་ལག་རྩལ་ལ་བརྩོན་ཞིབ་བྱེད་པ་དང་། 2010ལོར་སྣེ་ཁྲིད་དེ་ཞིང་ལས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་རིམ་བཞིན་ས་གནས་དེ་གའི་འབྲུ་འདེབས་དུད་ཆེན་དུ་གྱུར་པ་མ་ཟད། ཁོང་ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་རྒྱལ་ཡོངས་ཀྱི་འབྲུ་འདེབས་དཔེ་དམག་སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་པ་རེད། 2011ལོའི་ཟླ་4པར། ཞི་ཅིན་ཕིང་ཀྲང་ཁུའེ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་སྐབས། ཁོང་དང་ཡུལ་མི་ཚོའི་ས་ནས་གྲོའི་འདེབས་ཚུལ་མཁྱེན་རྟོགས་གནང་བ་རེད། ཉེ་ཆར། ཞུས་ཚུང་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ལོ་བཅུ་ལྷག་ཙམ་རིང་འབྲུ་རིགས་ཐོན་སྐྱེད་ལས་ལ་གཞོལ་བ་དང་མང་ཚོགས་དབུལ་སྒྲོལ་ལ་རོགས་རམ་བྱས་པ་སོགས་ཀྱི་གནས་ཚུལ་དང་མྱོང་ཚོར་སྙན་སེང་ཞུས་ཏེ། ཞིང་ལས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། ཞིང་པ་དེ་བས་མང་བས་འབྲུ་རིགས་མང་ཙམ་འདེབས་པ་དང་འབྲུ་རིགས་སྤུས་དག་འདེབས་རྒྱུར་སྣེ་ཁྲིད་བྱེད་པའི་ཆོད་སེམས་མཚོན་པར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1