རྒྱལ་སྤྱིའི་སྣུམ་ཟོམ་རེའི་རིན་གོང་ཨ་སྒོར་130ལས་བརྒལ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-01



     ཚེས་29ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བརྒྱུད་འཚོང་པ་དང་འཛད་སྤྱོད་པའི་ཁུར་པོ་ཡང་དུ་གཏོང་བ་དང་། དངོས་ཚན་དཔལ་འབྱོར་གྱི་འཁོར་རྒྱུག་མ་གནས་དམའ་རུ་གཏོངཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། རྒྱལ་སྤྱིའི་སྣུམ་རིན་གྱི་སྙོམས་སྒྲིག་མཐོ་ཚད་དེ་སྣུམ་ཟོམ་རེར་ཨ་སྒོར་130ལས་བརྒལ་ཚེ། རྒྱལ་ནང་གི་སྣུམ་གྲུབ་མའི་རིན་གོང་དུས་ཐུང་ནང(ཟླ་བ་གཉིས་ལས་མི་བརྒལ་བ)སླར་ཡང་མི་སྤར་བ་དང་། དེའི་རྗེས་རྒྱལ་སྤྱིའི་སྣུམ་རིན་གྱི་སྙོམས་སྒྲིག་མཐོ་ཚད་དེ་སྣུམ་ཟོམ་རེར་ཨ་སྒོར་130ལས་མཐོ་བའི་དུས་ཚོད་རིམ་རྩིས་བྱས་ན་ཟླ་གཉིས་ལས་བརྒལ་ན། སྔོན་ཚུད་ནས་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་ཁ་གསལ་བཟོ་རྒྱུ་ཡིན་ཞེས་བཤད།

     རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། རང་རྒྱལ་གྱི་རྡོ་སྣུམ་ཕྱི་ནས་ཉོ་སྒྲུབ་བྱས་པའི་བསྡུར་ཚད་70%ལས་བརྒལ་ཡོད་པས། ད་ལྟ་ལག་ལེན་བསྟར་བཞིན་པའི་སྣུམ་གྲུབ་མའི་རིན་གོང་ལམ་སྲོལ་གཞིར་བཟུང་། རྒྱལ་ནང་གི་སྣུམ་གྲུབ་མའི་རིན་གོང་དེ་རྒྱལ་སྤྱིའི་ཁྲོམ་རའི་མ་བཅོས་རྡོ་སྣུམ་གྱི་རིན་གོང་ལ་འགྱུར་ལྡོག་ཡོང་ཚུལ་ལ་གཞིགས་ནས། ལས་ཀའི་ཉིན་གྲངས་བཅུ་རེར་ལེགས་སྒྲིག་ཐེངས་རེ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1