ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་སྤེལ་དང་རང་འགུལ་སྒོས་འཕེལ་རྒྱས་རྣམ་པ་གསར་པར་ཞུགས་ཏེ། ལམ་བུ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་གཏོད་དགོས་ཞེས་ནན་གྱིས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04



སྤྱི་ཟླ་6པའི་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་བ་རེད། འདི་ནི་ཚེས་8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧུའུ་གྲོང་རྡལ་ཡུང་ཧྥུང་གྲོང་ཚོའི་སྤུས་ཚད་མཐོ་བའི་ཆུ་འབྲས་འདེབས་འཛུགས་རྟེན་གཞི་རུ་གཟིགས་ཞིབ་གནང་སྟེ། ཆུ་འབྲས་ཚོད་ལྟའི་སོན་གསོ་དང་འདེབས་འཛུགས་ཁྱབ་སྤེལ་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པ་རེད།


  ཞིན་ཧྭ་གསར་འགྱུར་ཁང་གིས་ཁྲེང་ཏུའུ་ནས་སྤྱི་ཟླ་6པའི་ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དོན་སྙིང་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག་པ། ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ནས་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་ཞེས་གསུངས།

སྤྱི་ཟླ་6པའི་ཚེས་8ཉིན། ཞི་ཅིན་ཕིང་ལགས་སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་དཔོན་ཧོང་ཆང་གི་ཕེབས་རོགས་འོག་སྔ་རྗེས་སུ་མེ་ཧྲན་དང་དབྱི་པིན་སོགས་ཀྱི་ས་ཆར་ཕེབས་ཏེ་གྲོང་གསེབ་དང་།རིག་དངོས་སྲུང་སྐྱོབ་སྡེ་ཁག །སློབ་གྲྭ། ཁེ་ལས་སོགས་ལ་གཟིགས་ཞིབ་གནང་བ་རེད།



སྤྱི་ཟླ་6པའི་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་བ་རེད། འདི་ནི་སྤྱི་ཚེས་8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱི་པིན་སློབ་གླིང་དུ་གཟིགས་ཞིབ་གནང་སྐབས་དགེ་སློབ་ཡོངས་ལ་འཚམས་འདྲི་གནང་བཞིན་པའི་རྣམ་པ་རེད།

སྤྱི་ཟླ་6པའི་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་བ་རེད། འདི་ནི་ཚེས་8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧུའུ་གྲོང་རྡལ་ཡུང་ཧྥུང་གྲོང་ཚོར་གཟིགས་ཞིབ་གནང་སྐབས་གྲོང་མི་རྣམས་ལ་བྱམས་བརྩེའི་ངང་ནས་བཀའ་མོལ་གནང་བཞིན་པའི་རྣམ་པ་རེད།
སྤྱི་ཚེས་9ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲེང་ཏུའུ་ནས་ཁྲེང་ཏུའུ་བཅའ་སྡོད་དམག་དཔུང་གི་ཏ་ཞའོ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་སྒྲིག་གཞི་ཚང་བའི་ཐོན་གྱི་འགོ་ཁྲིད་གཙོ་བོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་ཞུས་ཏེ་ཁྲེང་ཏུའུ་བཅའ་སྡོད་དམག་དཔུང་གིི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བ་དང་འབྲེལ་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་དང་། ཞུས་ཆི་ལིའང་གིས་མཇལ་འཕྲད་གནང་སྐབས་ཕེབས་རོགས་ཞུས། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1