བཅའ་ཁྲིམས་དཔེ་དེབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-18


ཚོགས་ར།

 

བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་དཔེ་དེབ།

             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་15ཉིན། ཀན་སུའུ་སྲིད་ཁྲིམས་མ་ལག་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་གསོ་སྦྱོང་སྐོར་གྱི་དཔེ་དེབ་པར་དུ་བསྐྲུན་པའི་གྲོས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲོའུ་ཆང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཀྲེང་ཝེ་བཅས་ཚོགས་འདུར་ཞུགས་འདུག དཔེ་དེབ་ཁག་འདིའི་ནང་རྩ་ཁྲིམས་སློབ་ཚན་དང་། ཉེས་ཁྲིམས་སློབ་ཚན་སོགས་དཔེ་དེབ་ཁག་བཅུ་ལྷག་ཡོད་པ་དང་། དེ་དག་ནི་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭའི་ནུས་ཤུགས་ལ་བརྟེན་ནས། བཅའ་ཁྲིམས་ཐད་བྱང་ཚད་མཐོ་བ་དང་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པའི་རིགས་གཅིག་ཆེད་མཁས་ཁག་གཅིག་མཉམ་འཛོམས་བྱས་ཏེ། དུས་ཡུན་ལོ་གཅིག་ལྷག་རིང་རྩོམ་སྒྲིག་བྱས་རྗེས། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1