༄༅། །གབ་ཚིག

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། 03-18



39མཆོད་མེ་མེད་པའི་འོད་ཁང་ནང་།།

ཐར་བ་ཆེན་པོས་འུར་འདོན་བྱེད།། དར་འོག་ནས་ཆུ་བཞུར་བ།

40ཤིང་གི་རྟ་བོ་དྲུག་ཞང་ཅན།།ལྕགས་ཀྱི་སྒ་ཁྲ་ལྷུ་མང་ཅན།།

ཟངས་ཀྱི་བུ་ཆུང་ཞེ་སྡང་ཅན།། བོའུ།

41ཆུ་མགོ་ནག་ལྷོག་ལྷོག   གསེར་ཉ་ཐ་ར་ར།། གོ་རེ་བཙོ་བ།

42གཙང་བོའི་ཁ་ནས་ཆུ་ཞིག་འཐུང་།།

ཐང་ཆེན་དཀྱིལ་ལ་རྗེས་ཤིག་ཕབ།། ཡི་གེ་བྲིས་པ།

43སྔོན་པོ་གཡུ་ཡི་གདན་ཐོག་ལ།།

དཀར་པོ་དངུལ་གྱི་ཕྲ་མང་བརྒྱན།། སྐར་མ།

44རྩ་བ་གཅིག་ལ་རྩེ་མོ་ལྔ།།རྩེ་མོ་ལྔ་ལ་ལྷན་པ་ལྔ།། སེན་མོ།

45ཕྱི་མཁར་མོ་ཡག་གི་མཁར་ནང་ན།།ནང་མཚོ་མོ་ཡག་གི་མཚོ་ནང་ན།།ཤིང་གུར་ཀུམ་རྒྱལ་བོའི་རྩེ་མོ་ན།།རྗེ་བླ་མ་ན་བཟའ་སེར་པོ་ཅན།།

མཆོད་མེ།

46ནང་དུ་རྒྱ་མཚོའི་རྦ་རླབས་འཕྱུར།།

སྟེང་དུ་སྤྲིན་དཀར་ལང་ལོང་འཁྲུགས།། ཆུ་བསྐོལ་བ།

47རྐང་ལག་མེད་ཀྱང་གོམ་ལག་འཛོམས།།

གཤོག་པ་ཡོད་ཀྱང་འཕུར་མི་ཤེས།། ཉ།

48ཕྱི་གོར་གོར་ཟླ་འདྲ་འདྲ།།

ནང་གྲུ་བཞི་བྲེ་འདྲ་འདྲ།། དོང་ཙེ།

49ནམ་ཚོད་འཛིན་པའི་ལྷ༎

ཐང་མ་བརྡལ་བའི་འདྲེ།། བྱ་ཕོ།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1