༄༅།། ཁྱིམ་ལས་བྱས་ན་གྲིབ་ནད་འགོག་ཉེན་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 07-07



  

        ཨ་རིའི་སན་ཐེ་ཡ་ཀོ་མངའ་སྡེའི་གཞུང་བཙུགས་སློབ་ཆེན་གྱིས་ཉེ་ཆར་《ཨ་རིའི་གསོ་རིག་སློབ་ཚོགས་དུས་དེབ་》ཀྱི་ཡན་ལག་དུས་དེབ་《ཨ་རིའི་གསོ་རིག་སློབ་ཚོགས་ཀྱི་དུས་དེབ་དྲ་རྒྱའི་སྒོ་འབྱེད་》ཐོག་ཞིབ་འཇུག་གི་འབྲས་བུ་གསར་པ་ཞིག་སྤེལ་བ་ལྟར་ན། དུས་རྒྱུན་གད་དར་བྱེད་པ་དང་། གཅེས་ཟོག་སྐྱོང་བ། རླངས་འཁོར་འཁྲུད་པ། འཆམ་འཆམ་བྱེད་པ། ལུས་སྦྱོང་བྱེད་པ་སོགས་ཤུགས་ཚད་ཆུང་བའི་ཁྱིམ་ལས་བྱས་ན་གྲིབ་ནད་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་བར་ཕན་པ་ཡོད། 

  

        པར་རིས་འབྱུང་ཁུངས་ནི། ཚེ་སྲོག་སྐབས་དོན་ཚགས་པར།  

        ཞིབ་འཇུག་མི་སྣས་“ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། ལུས་ཕུང་འགུལ་སྐྱོད་བྱེད་པ་དང་དུས་ཡུན་རིང་པོར་སྡོད་པ་ཚང་མར་གྲིབ་ནད་ཕོག་པའི་ཉེན་ཁ་འབྱུང་སྲིད་པས། གྲིབ་ནད་ལ་འཛེམ་པར་དེ་གཉིས་ལ་དོ་སྣང་བྱེད་དགོས་”ཞེས་ཟེར།  ལོ་45ཡན་གྱི་དར་མ་7600ལྷག་ཙམ་གྱི་དུས་ཡུན་རིང་པོར་སྡོད་པ་དང་འགུལ་སྐྱོད་ཤུགས་ཚད་ལ་ཚད་འཇལ་བྱས་པའི་གྲངས་གཞི་དང་ཞུགས་མཁན་ལ་ལོ་7ནང་ཚུན་དུ་གྲིབ་ནད་ཕོག་ཚད་དཔྱད་བསྡུར་བྱས་པ་རེད།  

        ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་རེར་དུས་ཚོད་13ཡན་ལ་སྡོད་མཁན་གྱི་གྲིབ་ནད་ཕོག་ཉེན་44%ཇེ་མཐོར་འགྲོ་བཞིན་ཡོད།  

        ཞིབ་འཇུག་འདིའི་ནང་ཞུགས་མཁན་གྱི་འགུལ་སྐྱོད་དང་དུས་ཡུན་རིང་པོར་སྡོད་པའི་བྱ་སྤྱོད་ཚང་མ་འགུལ་སྤྱོད་ཚད་ལེན་འཕྲུལ་ཆས་ཀྱིས་ཚད་ལེན་བྱས་པ་ཡིན་ཞིང་དུས་རྒྱུན་རང་ཉིད་ཀྱིས་ཚོད་དཔག་བྱེད་པ་དང་མི་འདྲ་བས། གོ་སྐོན་བློ་འགུག་གི་ནུས་པ་ཆེན་པོ་ལྡན་པ་ཡིན།  

       དེའི་ཕྱིར་ཉིན་རེར་ཉུང་མཐར་ཡང་སྐར་མ་10ལ་འགུལ་སྤྱོད་བྱེད་ཐུབ་ན་གྲིབ་ནད་ཕོག་ཉེན་ཇེ་དམའ་རུ་གཏོང་ཐུབ་པ་ཡིན།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1