དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཇོང་སེན་གྱིས་ཚེས་7ཉིན་དབྱིན་ཇིའི་སྲུང་འཛིན་ཏང་གི་འགོ་ཁྲིད་གོ་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཇོང་སེན་གྱིས་ལོན་ཏོན་གྱི་དབུ་བཞུགས་བློན་ཆེན་ལས་ཤག་མདུན་དུ་གསུང་བཤད་གནང་ནས་ཁོང་གིས་དབུ་བཞུགས་བློན་ཆེན་གྱི་འགན་དེ་དབུ་བཞུགས་བློན་ཆེན་གསར་པ་བྱུང་བའི་བར་འཁུར་རྒྱུ་ཡིན་པ་བཤད། ཇོང་སེན་གྱིས་འགན་ཡུན་ནང་དུ་ཁས་ལེན་དང་འཆར་གཞི་མངོན་འགྱུར་བྱུང་མེད་པ་དག་ལ་ཕངས་སེམས་ཡོད་པ་བསྟན། འོན་ཀྱང་། འདེམས་བསྐོ་དང་ལེན་བྱ་རྒྱུ་མིན་པ་བཤད། ཁོང་གིས་ད་ཡོད་ཀྱི་གནས་ཚུལ་གཅིག་བྱས་ན་སྡུག་པོ་ཡིན་མོད། “ང་ཚོའི་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད”ཅེས་བཤད།