ཧུང་ཡོན་རྫོང་གི་འབྲི་མོ་འོ་མའི་ཐོན་ལས་ཀྱིས་འབྲོག་པར་ཕན་ཁེ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-11


 


        ཉེ་ཆར། ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་གྱི་གནས་སྤོ་འོ་བསྡུ་ས་ཚིགས་སུ་འོ་མ་འཚོང་བར་ཡོང་མཁན་གྱི་འབྲོག་པ་ཚོས་བྲེལ་འཚུབ་ངང་ཐོ་འགོད་དང་། སྤྲི་དཀར་ཚད་ལེན། ལྗིད་ཚད་འཇལ་བ། རྩིས་རྒྱག་པ་སོགས་ཀྱི་ལས་ལ་བྲེལ་བཞིན་འདུག  

  

        ད་ལོར་ཧུང་ཡོན་འབྲི་གཡག་འོ་མའི་ཐོན་ལས་ཀུང་སིས་འོ་མ་བསྡུ་བའི་དུས་ཚོད་ལོ་སྔོན་མ་ལས་ཟླ་གཅིག་གིས་སྔ་བས། “འོ་ཁུངས་གཞུང་ལམ+གནས་སྤོ་འོ་བསྡུ་ས་ཚིགས”ཀྱི་འོ་ཁུངས་མ་ལག་བསྐྲུན་པ་ལས་འོ་མ་བསྡུ་བའི་ཁྱབ་ཁོངས90%ཡན་ལ་སླེབས་པ་རེད། 

  

         ཉེ་བའི་ལོ་འགའི་རིང་། ཧུང་ཡོན་འབྲི་གཡག་འོ་ལས་ཀུང་སིས་ས་གནས་ཀྱི་འབྲི་གཡག་གི་ཐོན་ཁུངས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། འབྲི་གཡག་གི་ཐོན་ཁུངས་སྤུས་ཚད་ཇེ་མཐོ་དང་འབྲི་མོ་འོ་མའི་གྲངས་འབོར་དང་སྤུས་ཚད་མཐོ་རུ་བཏང་བ་བརྒྱུད། འབྲི་མོ་འོ་མའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1