༄༅།།ཤར་ཇ་མཁར་རིང་མོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 07-12


 དེ་ཡང་ཧོར་གླིང་གཡུལ་འགྱེད་ལས་“འཛམ་གླིང་སེང་ཆེན་རྒྱལ་པོ་ལ།།སྐུ་མཁར་སེང་འབྲུག་སྟག་རྩེ་གདའ།།སྟོད་ན་རྒོད་ཚང་ཁ་ཡར་གདའ།།བར་ན་སྨུག་པོ་མགུལ་དཀྲིས་གདའ།།སྨད་ན་སྟོང་ཤོང་དཀར་མོ་གདའ།།ཤར་ན་ཇ་མཁར་རིང་མོ་གདའ།།ལྷོ་ན་སྐུ་མཁར་ཕྱུག་མོ་གདའ”ཞེས་གསུངས་པ་ལྟར།ཤར་ཇ་མཁར་རོང་མོ་ནི་སྐུ་རྗེ་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་མཁར་ཡིན་ཞིང་།གླིང་རྗེ་གེ་སར་བྱང་ཕྱོགས་སུ་འདུལ་བར་ཕེབས་སྐབས།ཧོར་གུར་དཀར་རྒྱལ་པོས་ཇ་མཁར་རིང་མོ་གཏོར་སེང་ལྕམ་འབྲུག་མོ་གཏའ་མར་བླངས་ཏེ་ཧོར་ཡུལ་དུ་ཁྲིད།ཕྱིས་སུ་གླིང་རྗེ་གེ་སར་རྒྱལ་པོས་ཧོར་རྒྱལ་བཏུང་རྗེས།ད་གཟོད་གཞི་ནས་ཇ་མཁར་རིང་མོ་ཉམས་གསོ་བྱས་པ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1