ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆོག་མཆན་གནང་བ་བརྒྱུད། སྤྱི་ཁྱབ་བཀོད་འདོམས་པུའུ་དང་སྤྱི་ཁྱབ་ཆབ་སྲིད་པུའུ། སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ་བཅས་ཀྱིས་《དམག་དཔུང་གི་ཁོངས་མིའི་འབྲེལ་ཡོད་ཕན་བདེའི་ལྟ་སྐྱོང་ཚད་ལྡན་དུ་གཏང་བ་དང་འབྲེལ་བའི་གཏན་འབེབས་འགའ།》ཞེས་པ་དཔར་འགྲེམ་བྱས།
《གཏན་འབེབས།》ཀྱིས་གཙོ་བོ་ད་ལྟའི་ཕན་བདེའི་ལྟ་སྐྱོང་གི་ལམ་ལུགས་ལས་གཞན། སྲིད་ཇུས་ཀྱི་གཏན་འབེབས་ཁ་གསལ་མིན་པ་དང་གསལ་ཐག་གཅོད་མི་ནུས་བའི་འབྲེལ་ཡོད་ལྟ་སྐྱོང་གི་གནད་དོན་འགའ་གསལ་བོར་བཏོན་ཡོད། དམག་མིས་མྱོང་འོས་བའི་ལུགས་མཐུན་གྱི་ཕན་བདེའི་ལྟ་སྐྱོང་དང་ཚད་གཞི་ཁ་གསལ་དུ་བཏང་ཡོད། 《གཏན་འབེབས།》དཔར་འགྲེམ་བྱས་བས། ཀུན་སྤྱོད་འཛུགས་སྐྲུན་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་དང་། དམག་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་བར་ལམ་ལུགས་ཀྱི་འགན་སྲུང་གནང་ཡོད། །