གནམ་རིག་པས་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཕྱི་རོལ་ནས་དལ་འཇགས་ནག་དོང་ཞིག་རྙེད།
ཨ་རི་དང་ཡོ་རོབ་ཀྱི་གནམ་རིག་མཁས་པ་ལས་གྲུབ་པའི་ཞིབ་འཇུག་རུ་ཁག་ཅིག་གིས་ཚེས་18ཉིན་ཁོང་ཚོས་དགུ་ཚིགས་ཁོངས་གཏོགས་ཉེ་འཁོར་དུ་ཡོད་པའི་སྐར་མའི་མ་ལག་ཅིག་ནས་དལ་འཇགས་བརྟན་སྐར་རིམ་པའི་ནག་དོང་ཞིག་ཐོག་མར་རྙེད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
རྒྱ་མཚོའི་ནང་ནས་ཁབ་ལེན་པ།
ཞིབ་འཇུག་མི་སྣས་ཉིན་དེར་དཔེ་སྐྲུན་བྱས་པའི་དབྱིན་ཇིའི《རང་བྱུང·གནམ་དཔྱད་རིག་པ》ཞེས་པའི་དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས། དལ་འཇགས་ནག་དོང་དེརVFTS243ཞེས་མིང་བཏགས་པ་དང་། དེ་ནི་ཏ་མའེ་ཀྲེ་ལུན་སྐར་མའི་མ་ལག་གི་སྡོམ་སྐར་སྤྲིན་དུ་གནས་ཤིང་། སྤུས་ཚད་མ་མཐར་ཡང་ཉི་མའི་ལྡབ་9ཡིན་པ་དང་། སའི་གོ་ལ་དང་འོད་ལོ་ཁྲི་16ཙམ་ཡོད།
ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གནམརིག་མཁས་པས་ལོ་6རིང་ཡོ་རོབ་ཀྱི་ལྷོ་ཕྱོགས་གནམ་རིག་ཁང་གི་ཆེས་ཆེ་བའི་རྒྱང་ཤེལ་སྤྱད་དེ་སྤུས་ཚད་ཆེ་བའི་བརྟན་སྐར་1000ལྟ་ཞིབ་ཚད་འཇལ་བྱས་པ་དང་། སྤུས་ཚད་དེ་ཉི་མའི་ལྡབ་25ཡིན་པའི་བརྟན་སྐར་ཞིག་གིས་“མཐོང་མི་ཐུབ་པའི”གནམ་གཟུགས་ག་གེ་མོ་ཞིག་ལ་བསྐོར་ནས་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། ཕལ་ཆེར་ཉིན་10ཡི་ནང་འཁོར་སྐྱོད་ཐེངས་གཅིག་བྱེད་བཞིན་པ་ཤེས་རྟོགས་བྱུང་ཡོད། དབྱེ་ཞིབ་བྱས་པའི་མཇུག་འབྲས་ལས། “མཐོང་མི་ཐུབ་པའི”གནམ་གཟུགས་དེ་ནིVFTS 243དལ་འཇགས་ནག་དོང་རེད།
དོགས་མེད་ཁ་གསལ།
ལུའུ་ཐུའོ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། དལ་འཇགས་ནག་དོང་དེ་ནི་རྒྱུ་སྤུས་ཉི་མའི་ལྡབ20ཅན་གྱི་བརྟན་སྐར་ཤི་རོའི་གྲུབ་པ་བརྗོད།