༄༅།། ཤིང་ཏོག་ངང་ལག་ལ་འབྲས་སྐྲན་འགོག་པའི་ནུས་པ་ལྡན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-25


        ཞིབ་འཇུག་ལས་ཤེས་པ་ལྟར་ན།ཉིན་རེར་ཤིང་ཏོག་ངང་ལག་གཅིག་རེ་ཟོས་ན་ཚོ་བྱང་བར་མ་ཟད།འབྲས་སྐྲན་སྔོན་འགོག་བྱེད་པར་ཡང་ཕན་པ་ཆེན་པོ་ཡོད།

        སྨན་པས་བཤད་པ་ལྟར་ན། ཅཱ་མང་པོ་ཁ་གསབ་བྱས་ན་ཁྲག་ཤེད་ཇེ་དམའ་རུ་འགྲོ་བ་དང་།ཤིང་ཏོག་ངང་ལག་གི་ནང་དུ་ཏག་ཏག་ཅཱ་ཡི་འདུས་ཚད་ཧ་ཅང་མཐོ་བས།ཆེ་ཆུང་རན་པའི་ཤིང་ཏོག་ངང་ལག་གཅིག་གི་ནང་དུ་ཕལ་ཆེར12%ཀྱི་ཅཱ་འདུས་པ་རེད།

        ངང་ལག་གི་ནང་དུ་ད་རུང་ཚི་སྣ་ཡང་མང་པོ་འདུས། ཚི་སྣ་འདུས་ཚད་མཐོ་བའི་ཟས་རིགས་ལ་བཟང་ཆ་མང་པོ་ལྡན་ལ། དེས་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་བར་མ་ཟད།ཁྲག་ཧྭགས་ལ་ཚོད་འཛིན་བྱེད་ཐུབ་པ་དང་། གཞན་ད་རུང་ཚི་སྣ་ཡིས་ཟས་རིགས་འཇུ་ཚད་ཇེ་དལ་དུ་བཏང་ནས། ལྟོགས་སྣང་མི་འབྱུང་བར་བྱེད་པ་རེད།

        ཉེ་ཆར། ཨ་མེ་རི་ཁའི་སྐྲན་ནད་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།ཚི་སྣ་འདུས་ཚད་མཐོ་བའི་ཟས་རིགས་མང་དུ་ཟོས་ན་ལོང་ག་དང་གཞང་དཀར་ནག་གི་འབྲས་སྐྲན་གྱི་འབྱུང་ཚད་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་ཐུབ་པས།ཤིང་ཏོག་ངང་ལག་ལ་འབྲས་སྐྲན་སྔོན་འགོག་གི་ནུས་པ་ཡོད་པ་བདེན་དཔང་བྱས་ཡོད།

        ལུས་སྦྱོང་མ་བྱས་པའི་སྔོན་དང་ལུས་སྦྱོང་བྱེད་ཀྱིན་པའི་སྐབས་སུ་ཤིང་ཏོག་ངང་ལག་གཅིག་ཟོས་ན་ལུས་སྦྱོང་གི་ཕྱོད་ནུས་ཇེ་མཐོར་འགྲོ་བར་མ་ཟད་ཆུ་ཁ་གསབ་བྱེད་པར་ཕན་པ་དང་།ངང་ལག་ནང་གི་ཐཱན་ཆུ་འགྱུར་རྫས་དེ་མྱུར་མོར་ནུས་ཚད་དུ་འགྱུར་ལ།ངང་ལག་ཁྲོད་ཀྱི་ཅཱ་འབོར་ཆེན་གྱིས་ལུས་སྦྱོང་བྱས་རྗེས་སུ་ལུས་ཆུ་ཤོར་བ་འགོག་ཐུབ། ཅཱ་ཡིས་ད་རུང་རུས་པ་སྟོབས་ལྡན་དུ་གཏོང་བ་དང་རུས་བཅུད་ཤོར་ཚད་ཇེ་ཉུང་དུ་བཏང་ནས།རུས་སོབ་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1