ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་22ཉིན་ཨུ་རུ་སུ་དང་། ཡུག་རེན། ཐུར་ཁེ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་འཐུས་མིས་དབྱི་སི་ཐན་པུར་དུ་ཧེ་ཧའེ་ནས་ཞིང་ལས་ཐོན་རྫས་དང་རྫས་ལུད་ཕྱིར་འདྲེན་བྱེད་པའི་འབྲེལ་ཡོད་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཡིག་ཆར་མིང་རྟགས་བཀོད་རྗེས“ཧེ་ཧའེ་རྒྱ་མཚོའི་ཐོག་རེ་བའི་སྒྲོན་ལྕོག་ཅིག་ཡོད”ཅེས་བཤད། འཛམ་གླིང་དུས་བསྟུན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྤྱིའི་སྨྱན་སྦྱོར་ཚན་པ་ཧ་ལམ་ཡོད་ཚད་ཀྱིས་དེ་ནི་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཐོན་པ་ནས་བཟུང་། ཨུ་རུ་སུ་དང་ཡུག་རེན་དབར་གྲོས་མཐུན་གལ་ཆེན་བཞག་པ་ཐེངས་དང་པོ་ཡིན་པའི་ངོས་འཛིན་བྱས་ཡོད།