རྒྱ་གར་གྱི་མི་འདི་འཛམ་གླིང་གི་ཕྱུག་པོ་ཨང་བཞི་པར་གྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-27


        ས་གནས་དེ་གའི་དུས་ཚོད་ཚེས་21ཉིན། རྒྱ་གར་གྱི་ཕྱུག་བདག་ཀའོ་ཐ་མུའུ·ཨ་ཏ་ཉི་པིར·ཀའེ་ཚི་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་ཕྱུག་པོ་ཆེ་གྲས་བཞི་པར་གྱུར་ཡོད། 

ཕེང་པོ་ཕྱུག་བདག་གཞི་གྲངས་གཞིགས་ན། ཚེས་21ཉིན་ཨ་ཏ་ཉིའི་དངོས་ཡོད་རྒྱུ་ནོར་ཨ་སྒོར་དུང་ཕྱུར་1125བར་འཕར་བ་དེ་ཨ་རིའི་ཝུའེ་རོན་ཀུང་སིའི་མཉམ་འབྲེལ་གསར་འཛུགས་པ་ཀའེ་ཚི་ལས་ཨ་སྒོར་དུང་ཕྱུར་2.3ཡིས་མཐོ་ཡོད་ཅིང་། ཨ་ཏ་ཉིའི་རྒྱུ་ནོར་ད་ལོར་ཨ་སྒོར་དུང་ཕྱུར་360ཡིས་མང་དུ་ཕྱིན་ནས་འཕར་ཚད་ཨང་དང་པོར་སླེབས་ཡོད། ཀའེ་ཚིའི་རྒྱུ་ནོར་གྱིས་དགེ་སྒྲུབ་ཞལ་འདེབས་མང་དུ་བྱས་ཤིང་། དེ་བཞིན་ཚན་རྩལ་གྱི་མ་རྐང་བཙོངས་པའི་དབང་གིས་རྒྱུ་ནོར་ཉུང་དུ་ཕྱིན་ཡོད་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ཨ་ཏ་ཉིས་ཐོག་མཐའ་བར་གསུམ་དུ་ལས་སྒོ་སྣ་མང་ཅན་མགྱོགས་པོར་སྐུལ་འདེད་བཏང་སྟེ། ཞིང་ལས་ཚོང་དོན་དང་། རྡོ་སོལ། གྲུ་ཁའི་ཁྱབ་ཁོངས་ནས་ལྗང་མདོག་ནུས་རྒྱུ་དང་། གནམ་ཐང་། གཞི་གྲངས་ལྟེ་གནས། གྲངས་འཛིན་ཞབས་ཞུ། སྨྱན་སྦྱོར་ཁྱབ་ཁོངས་སོགས་བར་རྒྱ་སྐྱེད་བཏང་ཡོད།

        ཁོང་གི་མིང་མཐུན་ཚོགས་པའི་ཁོངས་གཏོགས་ཀུང་སིས་ཧྥ་རན་སེའི་ཏའོ་ཏར་ཚོགས་པ་(Total)དང་ཨ་རིའི་ཧྭ་ཕིང་མ་འཇོག(Warburg Pincus)ཚུད་པའི་གོ་ལ་ཧྲིལ་པོའི་མ་འཇོག་མཁན་གྱི་ཡིད་དབང་བཀུག་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1