ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཁན་ས་སི་མངའ་སྡེ་རུ་ཟླ་6པར་བ་གླང་སྟོང་ལྷག་ཚ་བ་ཆེ་དྲག་ནས་ཤི་བ་དང་། བ་གླང་གསོ་ཚགས་ཀུང་སིས་བེམ་པོ་གད་སྙིགས་སྦས་སར་དབོར་ཏེ། འདྲེན་འཁོར་གྱིས་སྙོམས་ཏེ་གད་སྙིགས་དང་མཉམ་དུ་སྦས་ཡོད་པ་བཤད།
གནས་ཚུལ་སྤེལ་བར་གཞིགས་ན། འདི་ནི་བེམ་པོ་ཐག་གཅོད་བྱེད་པའི་དཔེ་མཚོན་བྱེད་ཐབས་ཤིག་མིན། འོན་ཀྱང་། བ་གླང་འདི་འདྲའི་མང་པོ་ཚ་བ་ཆེ་བས་ཤི་ཞིང་། ནམ་རྒྱུན་བེམ་པོ་དག་གཅེས་ཟོག་གི་ཁ་ཟས་དང་རྫས་ལུད་ཐོན་རྫས་སུ་བཟོ་བྱེད་སྒྲིག་བཀོད་འདང་མེད་པས། མངའ་སྡེའི་སྲིད་གཞུང་དང་བ་གླང་གསོ་ཚགས་མཁན་གྱིས་བྲེལ་མྱུར་གྱི་བྱེད་ཐབས་སྤྱོད་དགོས་བྱུང་།
གད་སྙིགས་སྦས་ཡུལ་གྱི་འགན་འཁུར་བས་ད་ཆ་ང་ཚོས་ཚབ་བྱེད་ཇུས་གཞི་གཞན་དག་ལ་བསམ་གཞིག་བྱས་ནས། དྲི་ངན་ཉུང་དུ་གཏོང་བ་དང་། དེ་བཞིན་བ་གླང་ཤི་ཚད་མང་དུ་འགྲོ་སྐབས་ཐོན་པའི་གནད་དོན་གཞན་དག་ལ་བསམ་གཞིག་བྱེད་བཞིན་ཡོད་ཅེས་བཤད།
གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན། ཁན་ས་སི་མངའ་སྡེ་རུ་ད་ལོའི་དབྱར་ཁར་དྲོད་ཚད་མཐོ་བའི་གནམ་གཤིས་དེ་བས་མང་བ་ཤར་རྒྱུ་ཡིན་པ་དེས་ཕྱུགས་རིགས་ལ་གནོན་ཤུགས་ཐེབས་རྒྱུ་མ་ཟད། ཕྱུགས་ཟོག་ཤི་གོད་ཐེབས་སྲིད།