༄༅། །སིལ་ཏོག་རུལ་བ་བཟའ་རུང་ངམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-01


        རུལ་ཐིག་ཕྲན་བུ་ལས་བབས་མེད་པའི་སིལ་ཏོག་དེ་གཡུག་ན་ཕངས་ལ་ཟོས་ན་གནོད་ཀྱིས་དོགས་པས། ངོ་མ་ཐེ་ཚོམ་གྱི་ཀློང་དུ་ཚུད་འགྲོ།

        བརྡབས་རྨས་ཕོག་པའི་སིལ་ཏོག་བཟའ་རུང་བ། སིལ་ཏོག་ལ་བརྡབས་རྨས་ཕོག་སྟེ་སྙི་མོར་གྱུར་བ་དེ་ནི་ཕྲ་ཕུང་ལ་རྨས་སྐྱོན་ཤོར་བའི་རྐྱེན་གྱིས་ཡིན་ལ། ཕྲ་ཕུང་ལ་རྨས་སྐྱོན་ཕོག་ན་ཁ་དོག་མེད་པའི་དངོས་པོ་ཁ་ཤས་ཤིག་ཁ་དོག་ལྡན་པར་འགྱུར་སྲིད་པས། བརྡབས་རྨས་ཕོག་པའི་གནས་དེའི་ཁ་དོག་འགྱུར་འགྲོ་བ་རེད། གཞན་རྐྱེན་གྱིས་སྐྱོན་ཤོར་བའི་སིལ་ཏོག་དེའི་རིགས་ནི་བཟའ་རུང་བའོ།།

        འཁྱགས་རྨས་ཕོག་པའི་སིལ་ཏོག་བཟའ་རུང་བ།འཁྱགས་སྒམ་ནང་བཞག་པའི་ཤིང་ཏོག་ངང་ལག་ནི་ནག་ལ་སྙི་མོ་ཞིག་ཏུ་གྱུར་འགྲོ་བ་རེད། དེ་ནི་ཕྲ་ཕུང་ལ་རྨས་སྐྱོན་ཕོག་པས་ཡིན་ལ། གལ་ཏེ་རྨས་སྐྱོན་ཕོག་པའི་འཚོ་བཅུད་དངོས་པོ་དེར་ནད་འབུས་སྦགས་བཙོག་ཐེབས་མེད་ན། སྐྱོན་ཤོར་བའི་སིལ་ཏོག་དེའི་རིགས་ནི་བདེ་འཇགས་ཡིན་པས་བཟའ་རུང་མོད། འོན་ཀྱང་བྲོ་བ་འགྱུར་ཡོད་ངེས་རེད།

        རུལ་ཐིག་བབས་པའི་སིལ་ཏོག་བཟའ་མི་རུང་བ། མི་ཁ་ཤས་ཀྱིས་རུལ་ཐིག་བབས་པའི་ཆ་ཤས་དེ་བཅད་པའི་འཕྲོ་མ་ནི་བཟའ་རུང་བར་འདོད་ཀྱིན་ཡོད།དོན་དངོས་སུ་དེ་ལྟ་བུ་ཞིག་མ་ཡིན་ཏེ།རླམ་སྲིན་ལས་བསྐྱེད་པའི་དུག་རྒྱུ་དེ་སིལ་ཏོག་ཧྲིལ་པོར་ཁྱབ་ཡོད་པས། རུལ་ཐིག་བབས་པའི་སིལ་ཏོག་ནི་བཟའ་མི་རུང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1