༄༅།།འདོད་པའི་ལྷ་མོའི་གཏམ་ཡིད་དགའི་འཛུམ་ཟེར།

སྦྲ་སྲས་གངས་བུ་འཛུམ་གྲོལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཐུ་བྷོད་དྲ་བ། སྤེལ་དུས། 08-09


   ལང་ཚོའི་འཇོ་སྒེག་གར་སྟབས་འདོད་པའི་ལྷ།  །བརྩེ་བ་འོད་ཀྱིས་ལེགས་པའི་འདོད་ལྡན་མ།  །འཛུམ་དྲུག་དུང་སེམས་འདོད་པའི་ལམ་སྟོན་པ། །འདོད་པའི་འཁྲིག་སྦྱོར་སྣང་བའི་རྩེ་དགའ་མ།  །བློ་གསལ་གཟུགས་ཡག་ལང་ཚོའི་འདོད་པའི་ཁུ།  །ཡིད་ཀྱི་འདོད་པའི་ན་ཟུག་མེ་ལྕེ་འབར།  །བཟོད་མེད་མགྲིན་པའི་གར་སྟབས་སྒྲོག་པར་མྱུར།  །ངོ་མཚར་ཕུལ་བྱུང་འདོད་པའི་བདུད་རྩིའི་   གཏེར།  །འདོད་པའི་ལྷ་མོ་དོན་ཅན་ཚིག་གི་ཕྲེང་།  །ངག་ལ་ངག་གི་འདོད་པ་འཇོ་བའི་དཔལ།  །དུང་སེམས་བརྩེ་བ་སྙིང་གི་སྤྲོ་བའི་གཉེན།  །དགའ་བར་འཛུམ་དཀར་རྣམ་པར་ངག་གི་དཔྱིད།  །ཡིད་ཀྱི་དུང་བ་སེལ་བའི་འདོད་པའིལྷ།  །མཆུ་སྒྲོས་བིམ་པ་སྤྲོ་བར་དགྱེས་པའི་ཉམས།  །ཟུར་མིག་འདོད་པའི་ཉམས་དང་འགྱུར་བར་རྒྱན།  །ནོར་བུ་ཆ་གཅིག་གཡོ་བའི་གར་སྟབས་རྒྱུ། །དཀར་ཞིང་འཇམ་པའི་འོད་དཀར་སྤྲོ་བའི་འཛུམ།  །འཛུམ་མདངས་བཀྲ་བ་མུ་ཏིག་འོད་ལྡན་པ།  །དགའ་བ་དུང་བ་གཉིས་ཀྱི་འོད་དཀར་ཅན།  །དུང་སེམས་འདོད་པའི་བདེ་བས་སྤུ་ལོང་རྒྱས།  །སྤང་ལྗོང་གཡུ་ཡི་སྔོན་མོའི་ལུང་ཤུར་ན།  །འགྲིབ་མེད་འོད་ཀྱི་བརྩེ་བའི་མེ་ལོང་ཞིག  །སྣང་བ་དྭངས་གཙང་འོ་མའི་ཆབ་རྒྱུན་ཅན།  །འོད་སྟོང་གཟི་བྱིན་གསེར་གྱི་རྒྱལ་མཚན་འགྲེངས།  ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1