ཉེ་ཆར། ཕྱག་ཕྲེང་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་12ཀྱིས་ལོ་གཅིག་ལ་རྨོ་འདེབས་ཐེངས་གསུམ་བྱས་ཆོག་པ་སྟེ། དཔྱིད་ཀ་དང་དབྱར་ཁ། དགུན་ཁ་བཅས་གསུམ་ལས་དཔྱིད་ཀའི་རྨོ་འདེབས་ལ་གྲ་སྒྲིག་བྱེད་པའི་དུས་སུ་སླེབས་ཤིང་། ད་ལོའི་རྫོང་ཡོངས་ཀྱི་དཔྱིད་འདེབས་རྒྱ་ཁྱོན་ལ་མུའུ་15000ཡོད་ལ། རྨོ་འདེབས་བྱ་བའི་ལོ་ཏོག་ལ་ནས་དང་པད་ཁ། ཞོག་ཁོག་སོགས་ཡོད། ཞིང་ནང་དུ་ཞིང་བའི་ལུད་རྫས་དང་རྫས་འགྱུར་ལུད་རྫས་གཉིས་བེད་སྤྱོད་གཏོང་བཞིན་ཡོད། དེ་མིན་རྫོང་ཞིང་འབྲོག་ཅུས་ཀྱི་ལག་རྩལ་མི་སྣ་གྲོང་ཚོ་དང་དུད་ཚང་སོ་སོར་སོང་ནས་ལག་རྩལ་མཛུབ་སྟོན་དང་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་གང་ཐུབ་བྱས་ཡོད། །