སྐྱེ་ཁམས་ཡག་པའི་རི་ཀླུང་། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-17


 


      ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོའི་འབྲེལ་མཚམས་སུ་གནས་པ་དང་། སྐྱེ་ཁམས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། ཉེ་ཆར། བོད་ལྗོངས་ཡར་ཉང་འདམ་རའི་སྐྱེ་ཁམས་མ་ལག་རྒྱལ་ཁབ་ཀྱི་ངེས་གནས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཡོད། དེས་ཡར་ཉང་འདམ་ར་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་དང་། ལུགས་མཐུན་བེད་སྤྱོད། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།


 


      ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ནས་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། འཁྱག་རོམ་གངས་ས་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་རི་ཆུ་ནགས་ཞིང་དང་། མཚོ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་གཅིག་འདོམས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཉམས་གསོ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྦགས་བཙོག་འགོག་བཅོས་ལས་དོན་གཏིང་ཟབ་སྤེལ་ཡོད།


 


      ཤེས་རྟོགས་བྱུང་བར་གཞིགས་ན། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་8738ཟིན་པ་དང་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་ཤིང་། དེ་ནི་ཁྲུང་ཁྲུང་སྐེ་ནག་དང་ངང་པ་མགོ་ཁྲ་སོགས་འདབ་ཆགས་རྩ་ཆེན་གྱི་རིགས་སྣ་ཚོགས་དགུན་གཡོལ་བྱེད་ས་གལ་ཆེན་ཞིག་རེད།


      2016ལོ་ནས་བཟུང་སྟེ་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གིས་སྔ་རྗེས་སུ་ཡར་ཉང་འདམ་ར་སྲུང་སྐྱོང་སླར་གསོའི་ལས་གཞི་དང་། ནགས་ལས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་མ་དངུལ་ལས་ཡར་ཉང་འདམ་རའི་ཁ་གསབ་སོགས་འདམ་ར་སྲུང་སྐྱོང་དང་སླར་གསོའི་ལས་གཞི་4ལག་ལེན་བསྟར་བས་འདམ་ར་སྲུང་སྐྱོང་བྱེད་ནུས་རིམ་བཞིན་ཆེ་རུ་ཕྱིན་ཡོད།


 


      མིག་སྔའི་བར་སྔོ་ཁེབས་སླར་གསོ་རྒྱ་ཁྱོན་མུའུ་1839བྱས་པ་དེས་འདམ་རའི་སྤྱིའི་རྒྱ་ཁྱོན་གྱི་21%ཟིན་ཡོད། ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བེད་སྤྱོད་གཏོང་འགོ་ཚུགས་རྗེས་ཡར་ཉང་འདམ་རར་གཞི་རྩའི་གྲངས་གཞི་བསྡུ་ལེན་དང་། བསྐུར་གཏོང་། བེད་སྤྱོད་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་ཞིང་། ས་མཐོའི་འདམ་རར་ལྟ་ཞིབ་ཚད་ལེན་དང་ཉམས་གསོའི་ལག་རྩལ་ཉམས་མྱོང་མཁོ་འདོན་བྱས་ཏེ་ཉིང་ཁྲི་དང་ཐ་ན་བོད་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་འདམ་རའི་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་སྐྱོང་ལ་ཚན་རིག་གི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1