འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་དང་བླངས་པས་ཅི་ལིན་ཞིང་ཆེན་གྱི་རོགས་སྐྱོར་རིམས་འགོག་དངོས་ཟོག་རྩིས་བླངས་ནས་དབོར་བཞིན་པ།
ཟླ་8ཚེས་14ཉིན་གྱི་སྔ་དྲོར་ཅི་ལིན་ཞིང་ཆེན་གྱི་རོགས་སྐྱོར་རིམས་འགོག་དངོས་ཟོག་བྱུར་བུར་བླུགས་པའི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་གཞིས་རྩེ་གྲོང་ཁྱེར་དུ་འབྱོར་བ་དང་། རིམས་འགོག་དངོས་ཟོག་ལ་ལྗིད་ཚད་ཏུན་60ལྷག་ཙམ་ཟིན་པ་དང་། སྒམ་3000ལྷག་ཡོད་པར་སྒོར་ཁྲི་500རི་གི་ཡོད། དེའི་ནང་ནད་དུག་དཔེ་ལེན་སྦུ་གུ་ཁྲི་30དང་། N95ཁ་རས་ཁྲི་30 སྨན་སྤྱོད་འགོག་སྲུང་གྱོན་ཆས་ཁྲི་3 སྨན་སྤྱོད་ཀྱི་ཕྱི་བཅོས་ཁ་རས་ཁྲི་50སོགས་ཡོད་པ་རེད།