འཁྱགས་དར་བཙོངས་ནས་ཉིན་རེའི་ཡོང་འབབ་སྒོར་ཁྲི་ལས་བརྒལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-19



     

   ཉེ་ཆར་སི་ཁྲོན་ལེ་ཧྲན་དུ། དྲོད་ཚད་བསྟུད་མར་མཐོ་རུ་ཕྱིན་པས་མི་རྣམས་ཕྱི་རོལ་ཏུ་འགྲོ་འདོད་མེད་པར་གྱུར་ཏེ། ཁང་པའི་ནང་དུ་དྲོད་སྙོམ་འཕྲུལ་ཆས་བཏང་ནས་བསིལ་སྣང་ལ་རོལ་བཞིན་ཡོད་པ་དང་། དྲོད་སྙོམ་འཕྲུལ་ཆས་ལས་གཞན། འཁྱགས་དར་ཡང་དྲོད་ཚད་དམའ་རུ་གཏོང་བའི་ཆེས་རྒྱུག་ཆེ་བའི་ལག་ཆ་ཞིག་ཏུ་གྱུར་ཡོད། ལེ་ཧྲན་གྱི་ལོ་རབས་90པའི་ནང་སྐྱེས་པའི་ན་གཞོན་ཀྲའོ་ཝུའེ་ཡིས་ཚོང་ལས་གོ་སྐབས་འདིར་དམིགས་ནས་དེང་རབས་ཅན་གྱི་འཁྱགས་དར་བཟོ་གྲྭ་ཞིག་བཙུགས་ཡོད།


    ཀྲའོ་ཝུའེ་ཡིས་འཁྱགས་དར་བཟོ་གྲྭའི་ནང་ད་ཆ་འཁྱག་བཟོའི་སྒྲིག་ཆས་ཆེན་པོ་གཅིག་དང་ཆུང་བ་གཅིག་ཡོད་ཅིང་།ཆུ་ཚོད་བཅུ་རེར་འཁྱགས་དར་ཐེངས་རེ་བཟོ་བཞིན་ཡོད་པ་དང་།འཁྱགས་དར་དེ་ཡི་ལྗིད་ཚད་ལ་རྒྱ་མ་80ཟིན་གྱི་ཡོད་པ་རེད།ད་ལྟ་ཁྱོན་བསྡོམས་ཉིན་གཅིག་ལ་འཁྱགས་དར་རྡོག་པོ་2000ལྷག་ཐོན་སྐྱེད་བྱེད་ཐུབ་ཅིང་།ཕལ་ཆེར་ཏུན་80ཙམ་ཡོད་པ་དང་།ཉིན་གཅིག་ལ་སྒོར་ཆིག་ཁྲི་ལྷག་ཙམ་འཚོང་ཐུབ་ཀྱི་ཡོད་པ་རེད།



 

དྲ་གྲོགས་ཚོས་རིན་གོང་འདི་ཧ་ཅང་སླ་མོ་རེད་ཅེས་བརྗོད་པ།


      དུས་ཡུན་ཐུང་ངུའི་ནང་དུ་དྲོད་ཚད་དམའ་རུ་འགྲོ་བ་ཧ་ཅང་ཁག་པོ་ཡིན་པ་དང་། ལྷོ་ཕྱོགས་ཀྱི་དྲོད་ཚད་མཐོ་ཤོས་མ་མཐར་ཡང་གཟའ་འཁོར་གཅིག་གི་ཡན་ལ་རྒྱུན་མཐུད་གནས་རྒྱུ་ཡིན་པ་རེད།


 


     མ་འོངས་པའི་དུས་སྐབས་ཤིག་གི་རིང་ལ། ཚ་ཁུལ་ཕལ་པའི་མཐོ་གནོན་གྱིས་སྔར་བཞིན་འབྲི་ཆུའི་རྒྱུད་ལ་ཚོད་འཛིན་ནན་མོ་ཐེབས་སྲིད་པས།དུས་ཡུན་ཐུང་ངུའི་ནང་དུ་ལྷོ་ཕྱོགས་ཀྱི་དྲོད་ཚད་དམའ་རུ་འགྲོ་ཁག་པོ་ཡིན་པ་དང་།སྔོན་དཔག་བྱས་ན་འདི་ལྟ་བུའི་གཞི་ཁྱོན་ཆེ་བའི་དྲོད་ཚད་མཐོན་པོ་མ་མཐར་ཡང་གཟའ་འཁོར་གཅིག་ཡན་གྱི་དུས་ཡུན་ལ་རྒྱུན་མཐུད་རྒྱུ་ཡིན་པ་རེད།དོན་དངོས་ཐོག་འདས་མ་ཐག་པའི་ཉིན་20ཡི་རིང་གི་ཀྲུང་ཧྥུའུ་དང་།སི་ཁྲོན་གཤོངས་ས་ནས་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་དྲོད་ཚད་མཐོ་བའི་ཉིན་གྲངས་15ལས་བརྒལ་བ་དང་།ཐ་ན་ས་ཁུལ་ཁ་ཤས་སུ་དྲོད་ཚད་མཐོན་པོར་སླེབས་ཡོད་པ་རེད།མ་ཟད་དྲོད་ཚད་མཐོ་བ་དེ་དུས་ཡུན་རིང་བ་ཙམ་མ་ཡིན་པར་དེ་ཡི་ངར་ཤུགས་ཀྱང་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་རེད། སི་ཁྲོན་ཁྲུང་ཆིང་དང་། ཧུའུ་པེ། ཀྲེ་ཅང་སོགས་ཀྱི་ས་ཆ་100ལྷག་ཙམ་གྱི་དྲོད་ཚད་ཟླ་8པ་དང་ཐ་ན་ལྟ་ཞིབ་ཚད་ལེན་གྱི་ལོ་རྒྱུས་ཟིན་ཐོ་མཐོ་ཤོས་ལས་བརྒལ་ཏེ་ཏུའུ་40ལྷག་ཙམ་ཟིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1