འདི་ནི་ལས་དོན་པས་གྲོང་ཚོ་དང་དུད་ཚང་ལ་བསྐྱོད་དེ་སྐམ་ཐོག་གྲོང་རྡལ་གྱི་མང་ཚོགས་ལ་ཉིང་སྐྱུར་དཔེ་ལེན་བྱེད་བཞིན་པ།
ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ཛ་དྲག་པའི་སྐབས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཁྲོད་མི་གཅིག་ཀྱང་མ་ལུས་པའི་འགན་ལེན་བྱ་ཆེད། ཉེ་དུས། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་གྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མི་སྣ་སྒྲིག་འཛུགས་ཀྱིས་ཉིང་སྐྱུར་བརྟག་དཔྱད་ཀྱི་ཆེད་དོན་ལས་དོན་སྤེལ་ཏེ། གྲོང་ཚོ་དང་དུད་ཚང་ལ་བསྐྱོད་ནས་ཕྱིར་སྐྱོད་སྟབས་བདེ་མེད་པའི་ཡུལ་མིར་ཉིང་སྐྱུར་དཔེ་ལེན་བྱས་པས། སྐམ་ཐོག་ལ་ཡོད་པའི་མི་ཚང་མར“ཉིན་གསུམ་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གསུམ་བྱེད་པ་ཁྱོན་ཡོངས་ལ་ཁྱབ་པའི”དམིགས་ཡུལ་གྲུབ་ཡོད། །