ཉེ་ཆར།《མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཇུས་གཞི》བཏོན་པ་ལས། ད་ལོའི་ཟླ་9བའི་ཟླ་མཇུག་སྔོན་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཏེ་མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་གི་མཐའ་མཚམས་ཁྱབ་ཁོངས་དང་དོ་དམ་ཚོད་འཛིན་ས་ཁུལ་ཚན་རིག་དང་མཐུན་བའི་ངང་གཏན་འཁེལ་བྱ་རྒྱུ་གསལ་བོར་བཏོན་ཡོད།
མིག་སྔར། མཛོད་དགེའི་རྒྱལ་ཁབ་སྤྱི་གླིང་གི་མཐའ་མཚམས་ཁྱབ་ཁོངས་རགས་ཙམ་གཏན་འཁེལ་བྱས་ཡོད་པ་དང་། སྤྱིའི་འཆར་འགོད་རགས་ཙམ་བཏོན་ཡོད་ལ། ཇུས་གཞི་གཅིག་དང་སྙན་ཞུ་གཉིས་སོགས་ཡིག་ཐོག་སྙན་ཞུ་གལ་ཆེའི་རིགས་ལེགས་སྒྲུབ་བྱས་ཏེ་གོང་རིམ་ལ་ཕུལ་ཟིན། ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཀྲུང་གོའི་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་དང་། སི་ཁྲོན་སློབ་ཆེན་སོགས་ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གླིང་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོང་ཞིབ་འཇུག་གི་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།
གཞན་ཡང་རང་རེའི་ཞིང་ཆེན་གྱིས་ད་དུང་མཛོད་དགེ་རྩྭ་ཐང་གི་འདམ་རའི་ཆུ་ཁུངས་གསོ་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་མཁོ་སྤྲོད་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་ཀའི་རྣམ་གྲངས་ལག་བསྟར་བྱ་རྒྱུ་རེད།