ཟླ་8ཚེས་22ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་པ་9དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པ་དང་། དེའི་ནང་ལོ་ཆེ་ཤོས་ནི་82ཡིན། སྨན་པའི་ཞིབ་ཚགས་ཀྱི་སྨན་བཅོས་འོག་བསྟུད་མར་བར་ཐག་ཆུ་ཚོད་24བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་པ་བརྒྱུད། སྨན་ཁང་ནས་བུད་ཆོག་པའི་ཚད་གཞི་དང་མཐུན་པ་རེད། རྗེས་མཐུད་དུ་རང་ཁྱིམ་ནས་ལོགས་སུ་བཀར་ནས་འདུག་རྒྱུ་རེད།
ཟླ་8ཚེས་22ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་དུ་ནད་རྟགས་མེད་པའི་ནད་པ་321དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པ་དང་། དེའི་ནང་ལོ་ཆེ་ཤོས་77དང་ལོ་ཆུང་ཤོས་ལོ་2ཡིན། འགོས་ནད་ཕོག་མཁན་འདི་ཚོས་བར་ཐག་ཆུ་ཚོད་24བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པས། སྒྲོམ་ཚང་སྨན་ཁང་ནས་བུད་ཆོག་པའི་ཚད་གཞི་དང་མཐུན་ཞིང་། སྒྲིག་སྲོལ་ལྟར། སྨན་ཁང་ནས་བུད་རྗེས་ཁོང་ཚོས་མུ་མཐུད་ཉིན་7རིང་གི་བདེ་ཐང་བརྟག་དཔྱད་བྱ་རྒྱུ་རེད།
པེ་ཅིང་དང་ཅང་སུའུ། ཁྲུང་ཆིང་སོགས་སྨན་བཅོས་རུ་ཁག་གི་རོགས་སྐྱོར་ལ་བརྟེན། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་དཔྱད་ནུས་པར་མཐོར་འདེགས་ཆེན་པོ་བྱུང་ཡོད། དེ་དང་ཆབས་ཅིག བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་པ་དང་དང་སྨན་བཅོས་མི་སྣའི་མཉམ་དུ་འབད་བརྩོན་འོག ཀྲུང་ལུགས་གསོ་རིག་དང་། བོད་ལུགས་གསོ་རིག ཕྱི་ལུགས་གསོ་རིག་མཉམ་འདྲེས་ཀྱི་སྐྱོབ་བཅོས་བྱེད་ཐབས་བརྒྱུད། སྒྲོམ་ཚང་སྨན་ཁང་ནས་ནད་པ་འབུད་ཚད་ཇེ་མང་དུ་སོང་ཡོད། དེ་ཡང་ནད་པ་སྔར་ལས་མང་བ་དེར་བསྐྱལ་ནས་སྨན་བཅོས་བྱེད་པའི་མྱུར་ཚད་མཐོ་རུ་བཏང་ཡོད། ད་བར་རིམ་རྩིས་བྱས་ན་ལྷ་སའི་སྒྲོམ་ཚང་སྨན་ཁང་ནས་བུད་པའི་ནད་པ་1080ཟིན་ཡོད།