ཆབ་མདོ་དང་ནག་ཆུའི་རྫོང་འདི་གཉིས་ཀྱིས་ནད་པ་གཙང་སེལ་ཐུབ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-26



 

     ནག་ཆུའི་སོག་རྫོང་། 

     ནག་ཆུ་གྲོང་ཁྱེར་གྱིས་ཟླ་8ཚེས་9ཉིན། སོག་རྫོང་དུ་ཐེངས་དང་པོར་ཕྱི་ནས་ནང་ལ་ཡོང་བའི་གདགས་གཤིས་ནད་པ་ཐོག་མ་ཤེས་རྗེས། ཡང་ཕྱི་ནས་ནང་ལ་ཡོང་བའི་ནད་པ་6གཅིག་རྗེས་གཉིས་མཐུད་ངང་ཤེས་རྟོགས་བྱུང་བས། སོག་རྫོང་ནི་ནག་ཆུ་གྲོང་ཁྱེར་གྱི་གདགས་གཤིས་ནད་པ་ཐོན་པའི་རྫོང་དང་པོར་གྱུར། ནག་ཆུ་གྲོང་ཁྱེར་གྱིས་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་པ་བརྒྱུད་འདྲེན་ལས་དོན་ནན་པོ་དང་ཏན་ཏིག་དང་ཞིབ་ཚགས་ངང་སྤེལ་བས། སོག་རྫོང་དུ་ཟླ་8ཚེས་14ཉིན་ནས་ད་བར་ཉིན་10བསྟུད་མར་འགོས་ནད་ཕོག་མཁན་མང་དུ་ཕྱིན་མེད་པ།དཔྱད་དཔོག་བྱས་པ་བརྒྱུད་སོག་རྫོང་ནི་སྤྱི་ཚོགས་ཁྱོན་ཡོངས་ནས་ནད་པ་གཙང་སེལ་ཐུབ་པ་མ་ཟད་འགུལ་རྣམ་གཙང་སེལ་ཐུབ་པའི་རྫོང་དང་པོར་གྱུར་ཡོད།

     མིག་སྔར་ནག་ཆུའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ཡོད། སོག་རྫོང་གིས་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱས་ཐུབ་པ་དེ་གྲོང་ཁྱེར་ཡོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་ཉམས་མྱོང་གསོག་འཇོག་དང་ཡིད་ཆེས་བརྟན་དུ་བཏང་བ་རེད།

     ཆབ་མདོའི་ལྷོ་རོང་རྫོང་། 

     ཟླ་8ཚེས་17ཉིན། ཆབ་མདོ་གྲོང་ཁྱེར་གྱི་ལྷོ་རོང་རྫོང་ལ་ཕྱི་ནས་ནང་ལ་ཡོང་བའི་གཏན་འཁེལ་ནད་པ་གཅིག་ཐོན་པ་ནས་བཟུང་། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་བོད་ལྗོངས་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་བཀོད་འདོམས་འོག ཁྱབ་ཁོངས་ཡོངས་ཀྱི་མི་ཚང་མར་བསྟུད་མར་ཉིང་སྐྱུར་བརྟག་དཔྱད་བྱས་པ་བརྒྱུད། ཏོག་གསར་གློ་ཚད་ཕོག་པའི་རང་ཡུལ་གཏན་འཁེལ་ནད་པ་དང་རང་ཡུལ་ནད་རྟགས་མེད་པའི་ནད་པ་མང་དུ་མ་ཕྱིན་པར། སྤྱི་ཚོགས་ཡོངས་སུ་ནད་པ་གཙང་སེལ་ཐུབ་ཡོད་པས། ཆེད་དོན་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

     མཚམས་འདིར། རིམས་ནད་འགོག་ཟོན་གྱི་འཐབ་ས་མདུན་མར་རིམས་འགོག་ལས་དོན་ལ་འབད་བཞིན་པའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། རིམས་ནད་འགོག་ཟོན་ལས་ཀར་བསམ་ཤེས་དང་། རོགས་རམ། གཞོགས་འདེགས། རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

     རིམས་ནད་སྔར་བཞིན་ཛ་དྲག་པོ་ཡོད་ལ་རིམས་ནད་དང་སྔར་བཞིན་འཐབ་རྩོད་བྱེད་བཞིན་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རིམས་ནད་འགོག་ཟོན་གྱི་འབྲེལ་ཡོད་གཏན་འབེབས་ལ་རང་འགུལ་ངང་བརྩི་སྲུང་ཞུ་བ་དང་། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ། ཡང་དག་པར་ཁ་རས་རྒྱག་པ། ལག་པ་ཡང་ཡང་འཁྲུ་བ། ཁ་རླུང་རྒྱུག་པ། འདུ་འཛོམས་མི་བྱེད་པ། རང་འགུལ་ངང་རིམས་ནད་འགོག་ཟོན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ། དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་བསྐུར་མི་བྱེད་པ་བཅས་བྱ་དགོས། གལ་ཏེ། ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་ཚེ། འཕྲལ་དུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་བསྐྱོད་དེ་སྨན་བཅོས་བྱ་དགོས་ལ། ལམ་བར་དུ་སོ་སོའི་འགོག་སྲུང་ཡག་པོ་བྱ་དགོས། སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ནང་མི་འདུག་པ་དང་། ཉེ་ཆར་ཡུལ་སྐོར་དང་ཞག་སྡོད། གཞན་ལ་འབྲེལ་འདྲིས་བྱས་པ་སོགས་ཀྱི་གནས་ཚུལ་དྲང་པོར་བཤད་ནས། ཆབ་མདོ་གྲོང་ཁྱེར་དུ་ནད་པ་གཅིག་ཀྱང་མེད་པའི་དམིགས་ཡུལ་མངོན་གྱུར་ཐུབ་པར་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1