ལིན་ཧྲུའུ་ཁྲེང་གིས་ལའང་ཧྲན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས་འདུག

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-27


            སྤྱི་ཟླ་3པའི་ཚེས་25ཉིན་གྱི་ཞོགས་པའི་དུས་ཚོད་11གི་ཐོག ལའང་ཧྲན་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཐག་གཅོད་ལྟར། ལིན་ཧྲུའུ་ཁྲེང་གིས་ཀྲུང་གུང་ལའང་ཧྲན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས་ཡོད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཏི་ཀྲན་དབྱི་ཡིས་ཀྲུང་གུང་ལའང་ཧྲན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡི་འགན་འཁུར་གཅིག་ལྕོགས་བཞེས་པའི་མཚམས་བཞག་ཡོད། 

           ལིན་ཧྲུའུ་ཁྲེང་ནི་1962ལོའི་ཟླ་11པར་ཀན་སུའུ་ཝུའུ་ཧྲན་དུ་སྐྱེས་ཤིང་། 1982ལོའི་ཟླ་8པར་ཞི་ཨན་གཏེར་ལས་སློབ་གླིང་གི་གཏེར་འདོན་འཛུགས་སྐྱོང་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན་པ་དང་། བཟོ་ལས་རིག་པའི་བསླབ་གནས་ཐོབ་ཡོད། 1982ལོའི་ཟླ་8པར་ལས་གནས་སུ་ཞུགས།  1985ལོའི་ཟླ་1པོར་ཀྲུང་གོ་གུང་ཁྲན་ཏང་གི་ནང་དུ་ཞུགས། ཁོང་ནི་སྐབས་བཅུ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མེན་དབྱང་གྲོང་ཁྱེར་གྱི་སྐབས་དྲུག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་བཅས་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1