“8.18”ཕྱི་ཡོང་རིམས་ནད་བྱུང་བ་ནས་བཟུང་། རྔ་བ་རྫོང་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་དང་དགོན་སྡེ་དོ་དམ་སྡེ་ཁག་གིས་གོང་རིམ་གྱི་བཀའ་ལྟར་རིམས་འགོག་ལས་དོན་སྤེལ་ཞིང་། དུས་ཚོད་དང་བང་ཁ་འགྲན། རིམས་ནད་དང་འཐབ་འཁྲུག་བྱས། ཉིན་མཚན་དབྱེ་མེད་དུ་ཁྱབ་ཁོངས་དང་ས་ཚུགས། འབྲེལ་མཚམས་ཡོངས་ལ་ཕྱི་ནས་ཡོང་བ་དང་ནང་དུ་བརྒྱུད་པ་ལ་འགོག་ཟོན་ནན་མོ་བྱས་ནས། ཀུན་གྱིས་རིམས་ནད་འགོག་པའི་གྱང་ར་བརྟན་པོ་ཞིག་བསྐྲུན། རྫོང་ཁོངས་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཐམས་ཅད་ཕྱི་ཕྱོགས་སུ་སྒོ་འབྱེད་མཚམས་བཞག་ཅིང་། ཆོས་ལུགས་ཀྱི་བྱེད་སྒོ་ཡོད་དོ་ཅོག་སྤེལ་མཚམས་བཞག་ནས། དགོན་སྡེའི་དགེ་འདུན་པ་རྣམས་གྲྭ་ཤག་ཏུ་བཞུགས་ནས་ཐོས་བསམ་མཛད།
གཞན་ཡང་རྔ་བ་རྫོང་ཆོས་ལུགས་སྡེ་ཁག་གིས་རྫོང་ཨུའི་སྲིད་གཞུང་གི་ཡང་དག་པའི་དབུ་ཁྲིད་འོག །རྒྱལ་གཅེས་ཆོས་གཅེས་ཕ་ཡུལ་ལ་གཅེས་པའི་ལུགས་སྲོལ་བཟང་པོའི་རྒྱུན་བསྲིངས་ནས། རིམས་འགོག་གི་འཐབ་ར་དང་པོ་ལ་སྒོར་མོ་དང་དངོས་ཟོག་གི་ཞབས་འདེགས་གྱ་ནོམ་པ་ཕུལ་ཡོད། །