སྤྱི་ཟླ་3པའི་ཚེས་16ཉིན། ལས་བཟོ་བ་ཚོས་དབུགས་གསོག་འཁོར་ལོ་དག་ཆེས་མཐའ་མཇུག་གི་མཚོ་འོག་གློག་ཐག་དུམ་བུར་བསྡམས་ནས། གློག་ཐག་ཨང་རྟགས་དང་པོ་ཞེས་པའི་གྲུ་གཟིངས་ཀྱི་ཐོག་ནས་ག་ལེར་མཚོ་ནང་དུ་དྲངས་ཤིང་། དེ་ནས་གྲུ་ཆུང་གིས་གློག་ཐག་སྐམ་སར་འཐེན་བཞིན་པ་རེད། ཉིན་དེར། ཉིན་5ཡི་རིང་གི་རྒྱ་མཚོ་བརྒལ་བའི་གློག་འདྲེན་ལས་གཞི་ལེགས་འགྲུབ་བྱུང་ཡོད་དེ། མཚོ་འོག་གི་གློག་ཐག་དེའི་རིང་ཚད་ལ་སྤྱི་ལེ་38ཡོད་ཅིང་། སྟོང་ཧྥུ་110ཅན་གྱི་སྤེལ་རྒྱུག་མཚོ་འོག་གློག་ཐག་དེ་བདེ་བླག་ངང་ཀྲེ་ཅང་ཞིང་ཆེན་ཧྲེང་སི་རྫོང་དབྱང་ཧྲན་གླིང་ཕྲན་དུ་འདིང་ཐུབ་ཡོད། དེས་ཀྲོའུ་ཧྲན་གྲོང་ཁྱེར་ཏའེ་ཧྲན་གླིང་ཕྲན་ནས་ཧྲེང་སི་རྫོང་གི་དབྱང་ཧྲན་གླིང་ཕྲན་བར་དུ་སྟོང་ཧྥུ་110ཅན་གྱི་སྤེལ་རྒྱུག་གློག་འདྲེན་ལས་གཞི་དེ་གཞི་རྩའི་ཐོག་ལེགས་འགྲུབ་བྱུང་བ་མཚོན་ཡོད། །