༄༅། །ངའི་སེམས་ཀྱི་ཉི་མ་ལྷ་ས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-01



            ནམ་ཡང་རྒྱལ་བར་སྨོན།  


ཀྭ་ཡེ་གསོན་དང་རིགས་གཅིག་སྤུན་ཟླ་ཚོ། །   

ཁ་བ་ཅན་གྱི་ཆོས་ཀྱི་ཞིང་ས་རུ། ། 

ག་ས་ཀུན་ནས་མི་ཚོགས་རྒྱུ་བ་མང་། ། 

ང་ཚོའི་ཞིང་ལ་ཏོག་དབྱིབས་ནད་དེ་བསླེབས། ། 


ཅ་ལག་ནོར་རྫས་འཛོམས་པའི་ལྷ་ལྡན་ཞིང་། ། 

ཆ་ཡོད་ཆ་མེད་མི་ཚོགས་ཀུན་པོ་འདུས། ། 

ཇ་ཐུན་རེ་ལའང་གཙང་སྦྲ་དུག་སེལ་དང་། །

ཉ་ཉོག་སྲང་ལམ་གྲོང་མདོ་མ་འགྲིམ་དགོས། ། 


ཏ་ཐཱའི་བསྟན་པ་གནས་དེ་ལྷ་ལྡན་ཞིང་། ། 

ཐ་མལ་འདི་དུས་ནད་ཡམས་ཞིག་གི་འཚེ། ། 

ད་ནི་རང་ཁྱིམ་ནང་དུ་རང་རང་འདུག ། 

ན་ཚ་འདི་རིགས་སྔོན་འགོག་འདི་ཉིད་གཙོ། ། 


པ་སངས་ཟླ་ལྟར་དཀར་བའི་ལྷ་ལྡན་ཞིང་། །  

ཕ་མ་འདྲ་བའི་ང་ཡི་མིང་སྲིང་ཚོ། །

བ་རེ་བོ་རེ་བག་མེད་གང་ས་རུ། ། 

མ་འགྲོ་མ་རྒྱུ་ཕ་བཟང་མ་བཟང་རྒྱུད། ། 


ཙ་རི་གནས་རི་མང་བའི་ལྷ་ལྡན་ཞིང་། ། 

ཚ་གྲང་དཀའ་ཐུབ་རྒྱུ་བའི་གནས་མཇལ་དེ། ། 

ཛ་དྲག་ཅན་གྱི་གནས་སྐབས་འདི་དུས་ལ། །

ཝྭ་མོ་བཞིན་དུ་ག་སར་གང་མ་རྒྱུ། ། 


ཞྭ་སེར་རིང་ལུགས་དར་བའི་ལྷ་ལྡན་ཞིང་། ། 

ཟ་ཟིང་ཁོ་ན་གྱུར་བའི་དུས་ཤིག་གྱུར། །  

འ་ཅག་རྣམས་ཀྱིས་རྟག་ཏུ་མ་གཟབ་ན། །

 ཝཡ་ངའི་ནད་ཡམས་འདི་ཡིས་རྒོལ་ཉེན་གདའ། ། 


 ཝར་བ་གངས་རིའི་ལྗོངས་ཀྱི་ཡུལ་ལུང་གཙོས། ། 

ལ་ལུང་ཀུན་ནས་རྒྱུགས་པའི་ནད་ཡམས་འདི། ། 

ཤ་ཚ་སྙིང་རྗེ་བྲལ་བའི་འཆི་བདག་འདྲ། ། 

ས་སྟེང་འདི་ནས་འགྲོ་བ་ཀུན་ལ་འཚེ། ། 


ཧ་ཅང་ཛ་དྲག་ཆེ་བའི་དུས་འདི་ལ། ། 

ཨ་རོགས་ག་ས་ག་ལ་མ་སྒྱུར་མཛོད། །

ཧ་ལམ་ས་ཕྱོགས་རང་ནས་འབོད་སྐུལ་ཞིག ། 

ཨ་རོགས་ཁ་བའི་ཞིང་གི་སྤུན་ལ་འབུལ། །

      

          2202 / 8 / 31 / ཉིན / ཉི་མས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1