རིམས་འགོག་གླུ་དབྱངས་གྱེར་ནས། སྟོབས་ཤུགས་གཅིག་ཏུ་སྡུད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 09-02



——རྔ་བ་རྫོང་གིས་རིམས་འགོག་ཚོད་འཛིན་གྱི་ལས་དོན་ལེགས་པར་སྤེལ་བའི་དངོས་བྲིས། 



           རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ་8ཚེས་12ཉིན་ནས་བཟུང་། རྔ་བ་རྫོང་རྒྱ་སྟོད་སུམ་མདོའི་རིམས་འགོག་ས་ཚིགས་སུ་སི་ཁྲོན་དུ་ལོག་མཁན་མང་དུ་ཕྱིན་ནས་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཉིན་བཞིན་ཛ་དྲག་ཏུ་ཕྱིན་ཡོད། རྔ་བ་རྫོང་གིས་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་བསྟར་བྱས་ནས་སི་ཁྲོན་དུ་བསྐྱོད་མ་ཐག་པའི་ཞིབ་བཤེར་དང་ས་ཚིགས་དང་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ས་ཚིགས་ལ་གྲལ་བཤེར་དང་གྲལ་བཤེར་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ལོགས་སུ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ།མི་སྣ་ཡོངས་ཀྱིས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པ།རྫོང་ཡོངས་ཀྱིས་འཇགས་རྣམ་དོ་དམ་ཚོད་འཛིན་བཅས་བྱས་ནས་སི་ཁྲོན་གྱི་རྒྱལ་སྒོ་བརྟན་སྲུང་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཧུར་ཐག་གིས་སྲུང་སྐྱོང་བྱས།

           ད་ཐེངས་ཀྱི་རིམས་ནད་དམག་འཐབ་ལས་རྔ་བ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོའི་དཔའ་ངར་ཞུམ་མེད་དང་རྡོག་རྩ་གཅིག་སྒྲིལ་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད་ལ། རྔ་བ་རྫོང་གི་ཕྱར་བ་གྲུ་འདེགས་དང་དམངས་སེམས་གཅིག་མཐུན་ལྷག་ཏུ་མངོན་ཡོད།

           རིམས་ནད་ལ་འགོག་རྒོལ་གྱི་སྙིང་སྟོབས་ཆེས་ཆེར་བསྐྱེད།

           རིམས་ནད་ནི་བཀའ་རྒྱ་དང་། སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་དང་། དུས་ཚོད་ནི་ཚེ་སྲོག་ཡིན། བཀའ་བཏང་མ་ཐག་མྱུར་དུ་ལས་ལ་བྲེལ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕྲལ་དུ་བཀོད་སྒྲིག་དང་བླང་བྱ་བཏོན་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རྔ་བ་རྫོང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ཕྱི་ནས་ནང་དུ་འགོ་བ་དང་། ཁྱབ་ཆེར་འགོ་བ། ཕྱིར་མཆེད་པ་བཅས་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དང་། འགག་སྒྲོལ་དམག་འཐབ། ཚར་གཅོད་དམག་འཐབ་ལས་རྒྱལ་ཁ་ཐོབ་པ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་དང་བྱེད་བཞིན་ཡོད།

    དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་འགན་འཁུར་ཕོད་པའི་སྤྱོད་ཚུལ་བཟུང་ནས་རྔ་བ་རྫོང་གིས་ཁོངས་གཏོགས་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་སི་ཁྲོན་དུ་བསྐྱོད་མ་ཐག་པའི་ཞིབ་བཤེར་དང་ས་ཚིགས་དང་པོའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་དུས་ཐོག་ཏུ་རྒྱུན་བཤེར་ཁུངས་འདེད་དང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན། མི་སྣ་གྲལ་བཤེར། ལོགས་སུ་དབྱེ་ནས་དོ་དམ་ཚོད་འཛིན། འཇགས་རྣམ་དོ་དམ། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་ལས་དོན་ནུས་ལྡན་ངང་སྤེལ་བས་བཀོད་འདོམས་ནུས་ལྡན་དང་། སྤྱོད་སྟངས་མགྱོགས་པ། བྱ་ཐབས་ནུས་ལྡན་བཅས་ཡིན་པ་རེད།

           ཟུང་ཆུ་སོགས་སྤུན་ཟླའི་རྫོང(གྲོང་ཁྱེར)12ཚང་མ་རོགས་སྐྱོར་ལ་སླེབས་ཡོད། དབང་བོ་སྐྱོན་ཅན། ནུས་ཞན། དྭ་ཕྲུག་བཅས་ལ་རིན་མི་ལེན་པའི་སྨན་བཅོས་ཞབས་འདེགས་བྱས་ལ། ཁྱིམ་ཚང་གི་ཆ་འཕྲིན་རྩིས་ཁྲ་སྔོན་ལ་བཟོས་ནས་ལོགས་བཀར་དང་འགྲོ་འདུག་སྟབས་མི་བདེ་བའི་མི་སྣར་སྒོ་འགྲམ་དུ་བསྐྱོད་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པ་སོགས་རིམས་ནད་བྱུང་བ་ནས་བཟུང་རྨེའུ་རུ་མ་གྲོང་རྡལ་གྱི་ཏང་ཡོན་དང་བླངས་གདོང་ལེན་རུ་ཁག་དྲུག་པོས་ཏང་གི་ཆབ་སྲིད་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་ཀྱི་ལས་ཀའི་ལེགས་ཆ་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོ་ཁྲིད་ནུས་པ་ཆེན་པོ་དང་། དམག་འཐབ་ནུས་པ། འབོད་སྐུལ་ནུས་པ་བཅས་སུ་ཏན་ཏིག་གིས་བསྒྱུར་ནས་རིམས་ནད་སྔོན་འགོག་གི་འཐབ་ཕྱོགས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བྱུང་།

           ནད་དུག་ལ་སྙིང་རྗེ་མེད་རུང་མི་ཡུལ་ལ་བརྩེ་བའི་ཁེངས་ཡོད།

           ཟླ་8ཚེས་23ཉིན་ནས་ཚེས་28ཉིན་བར་བརྒྱུད་འདྲེན་ཚོ་ཆུང་གིས་ཁག་ཐེངས་དབྱེ་ནས་སུམ་མདོའི་ས་ཚིགས་ཀྱི་མི་སྣ་267དང་མི་814དབོར་འདྲེན་བྱས་ཡོད་ལ། ཕལ་ཆེར་ཞིང་ཆེན་གཞན་གྱི་རིམས་ནད་ཁྲོད་ཉེན་ཁ་ཆེ་བའི་ཁུལ་ནས་སི་ཁྲོན་དུ་ཕྱིར་ལོག་མཁན་ཡིན་པ་རེད།

           ཡིག་རྒྱུགས་ཆེན་མོའི་མདུན་དུ་ཉེན་ཁ་ལ་མི་སྐྲག་པའི་གོས་དཀར་ལྭ་བ་གྱོན་པའི་སྨན་དོན་པ་དང་། རང་སྲོག་འཛེམ་མེད་ཀྱི་མི་དམངས་ཉེན་རྟོག་པ། ཉིན་མཚན་ཀུན་ཏུ་ལྟ་སྐྱོང་བྱེད་མཁན་གྱི་དང་བླངས་པ་སོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད་པ་དང་། ཁུལ་ཡོངས་ཀྱི་ལས་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་འཚང་ཁ་ཤིག་ཤིག་ངང་དངོས་ཟོག་ཞལ་འདེབས་ཕུལ་བ་དང་རོང་འབྲོག་མང་ཚོགས་ཀྱིས་རང་མོས་ངང་ཞིབ་དཔྱད་ས་ཚིགས་ལ་དངོས་ཟོག་རིན་མེད་ངང་སྐྱེལ་བ་དང་། གྲོང་ཁྱེར་འདིའི་མི་རྣམས་ཀྱིས་ཀུན་སེམས་གཅིག་མཐུན་དང་ཕན་ཚུན་རོགས་རེས་བྱས་ནས་ཁྱོན་ཡོངས་ལ་བསྟུན་པ་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རང་རྟོགས་ངང་གཞོགས་འདེགས་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་ཞུམ་མེད་བློ་སྟོབས་མངོན་ཡོད་ལ། སྤྱིར་བཏང་གི་གཟུགས་བརྙན་རེ་རེ་ལས་དཔའ་བོའི་དཔུང་ཁག་ཅིག་གྲུབ་ཡོད།

           མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་སྔར་བཞིན་ནུས་ཤུགས་ཆེ་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད། རྔ་བ་རྫོང་གིས་མུ་མཐུད་དུ་ལྷོད་གཡེང་སྤུ་ཙམ་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་དམ་འཛིན་ལེགས་པོ་བྱས་ནས་རིམས་ནད་དམག་འཐབ་ལས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་ཡིད་ཆེས་རབ་ཏུ་ཁེངས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1