ཉིང་ཁྲི་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་བརྡ་ཁྱབ།(2022ལོའི་ཨང་37པ)
ཉིང་ཁྲི་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། གྲོང་ཁྱེར་ཡོངས་ཀྱིས་ཕྱི་ནས་མི་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་སྤྱིའི་ཐབས་ཇུས་དང་། སྟབས་བསྟུན་གཙང་བཟོའི་སྤྱིའི་མཛད་ཕྱོགས་ལག་བསྟར་ནན་པོ་བྱས་པ་དང་། དོ་ནན་དང་། དོན་དངོས། གང་མགྱོགས་བཅས་ཀྱིས་རིམ་ཁག་འགོག་ཟོན་བྱ་ཐབས་ཁག་དོན་འཁྱོལ་བྱས་ཐོག བློ་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་ཏེ། ཟླ་8ཚེས་16ཉིན། སྤྱི་ཚོགས་ཐོག་གཙང་བཟོ་མངོན་འགྱུར་ཐུབ་ཡོད། རིམས་ནད་ཉེན་ཁའི་དབྱེ་ཞིབ་རིགས་གཅིག་མཁས་པའི་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཟླ་9ཚེས་2ཉིན་ནས་བཟུང་། གཤམ་གྱི་ས་ཁོངས་འདི་དག་གི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱ་རྒྱུ་རེད།
གཅིག སྣང་རྫོང་གི་རྫོང་གྲོང་དང་ཀོང་པོ་རྒྱ་མདའ་རྫོང་གི་ས་ཁོངས་ཚང་མར་གནས་སྐབས་རང་བཞིན་གྱི་སྤྱི་ཚོགས་ཐོག་ལྟ་སྡོམ་མེད་པར་བཟོས་པ་དང་།
གཉིས། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་དང(གྲོང་ལྷན)504ཡི་ཁྲོད་490ཡིས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་རེད།