རིམས་ནད་འགོག་རྒོལ་གྱི་དམག་འཁྲུག་ལས་རྒྱལ་བར་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས། སྤེལ་དུས། 09-03




རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཞིང་ཨུའི་ཏོག་གསར་གློ་ཚད་རིམས་ནད་ལས་ཀར་ལན་སློག་པའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་དགོངས་དོན་ལག་ལེན་དཔྱིས་ཕྱིན་པར་མཆན་བཀོད་གནང་། 

 

ཕྱི་ནད་ནང་ཁྱབ་དང་ནང་ནད་བསྐྱར་འཕར་གྱི་སྤྱིའི་བྱེད་ཐབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། འཇགས་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཐབས་ལ་འགྱུར་བ་གཏན་ནས་ཡོད་མི་རུང་། རང་མོས་དང་ཚན་རིག ཞིབ་ཕྲ་བཅས་ཀྱི་སྒོ་ནས་རིམས་འགོག་བྱེད་ཐབས་མ་ལུས་ཞིབ་ཅིང་ཕྲ་བའི་སྒོ་ནས་བསྒྲུབ་དགོས། ཕྱི་ནད་ནང་ཁྱབ་ཀྱི་བཙན་རྫོང་ལེགས་པར་སྲུང་བ་དང་ནང་ནད་བསྐྱར་འཕར་གྱི་འགོག་རྒོལ་དམག་འཁྲུག་ལས་རྒྱལ་བར་བྱེད་དགོས།  



      ཟླ་8ཚེས་31ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཏོག་གསར་གློ་ཚད་རིམས་ནད་ལས་ཀར་ལན་སློག་པའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཕིང་གིས་《བློ་མཐུན་ཝང་ཞོའ་ཧུའེ་ཡི་ཞིང་ཨུའི་ཏོག་གསར་གློག་ཚད་རིམས་ནད་ལས་ཀར་ལན་སློག་པའི་འགོ་ཁྲིན་ཚན་ཆུང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཚོགས་འདུའི་གསུང་བཤད》ཀྱི་དགོངས་དོན་ལག་ལེན་དཔྱིས་ཕྱིན་བྱེད་པར་མཆན་བཀོད་གནང་།   

      ལིའུ་ཕིང་གིས་མཆན་བཀོད་ལས་བསྟན་དོན། ཐེངས་འདིའི་རིམས་ནད་བྱུང་བ་ནས་བཟུང་། ཁུལ་ཡོངས་ཀྱི་ས་གནས་ཀྱི་ཏོག་གསར་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། སྤྱི་ཚོགས་སུ་བརྒྱུད་བསྒྲགས་ཀྱི་ཉེན་ཁ་ཅུང་ཆེ་བས་རིམས་འགོག་ཚོད་འཛིན་གྱི་གནས་བབ་ཤིན་ཏུ་ཛ་དྲག་ཡིན། རིམ་པ་ཁག་གི་སྡེ་ཚན་སོ་སོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ལག་བསྟར་བྱས་ཏེ། ཕྱི་ནད་ནང་ཁྱབ་དང་ནང་ནད་བསྐྱར་འཕར་གྱི་སྤྱིའི་བྱེད་ཐབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། འཇགས་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཐབས་ལ་འགྱུར་བ་མེད་པར། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡི་གསུང་བཤད་གལ་ཆེན་གྱི་རེ་འདུན་ལག་ལེན་དཔྱིས་ཕྱིན་པར་བྱེད་པ་དང་། ཞིང་ཨུའི་བཀོད་སྒྲིག་གི་རེ་འདུན་དང་ཁུལ་ཨུའི་ལས་ཀའི་བཀོད་སྒྲིག་ལག་ལེན་དཔྱིས་ཕྱིན་པར་བྱས་ཏེ། རང་མོས་དང་ཚན་རིག ཞིབ་ཕྲ་བཅས་ཀྱི་སྒོ་ནས་རིམས་འགོག་བྱེད་ཐབས་མ་ལུས་ཞིབ་ཅིང་ཕྲ་བའི་སྒོ་ནས་བསྒྲུབ་དགོས། ཕྱི་ནད་ནང་ཁྱབ་ཀྱི་བཙན་རྫོང་ལེགས་པར་སྲུང་བ་དང་ནང་ནད་བསྐྱར་འཕར་གྱི་འགོག་རྒོལ་དམག་འཁྲུག་ལས་རྒྱལ་བར་བྱེད་དགོས། ནད་རྟགས་མྱུར་དུ་རྙེད་པ་དང་བཀོད་སྒྲིག་མྱུར་དུ་བྱེད་པའི་འཕྲལ་གཅོད་བྱེད་ཐབས་སྤྱད་དེ་བཀག་སྡོམ་དང་ཉེན་ཁའི་རིམ་པ་འཕར་བ་སོགས་ཀྱི་འཕྲལ་གཅོད་བྱེད་ཐབས་སྤྱད་ནས་རིམས་ནད་འགོས་ཁྱབ་དང་ཇེ་མང་དུ་འགྲོ་བ་ཐབས་བརྒྱ་ཇུས་སྟོང་གིས་བཀག་འགོག་བྱེད་དགོས། གོར་གསུམ་རིམ་པའི་ཚོད་འཛིན་བཀོད་སྒྲིག་དུས་རྣམ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ། སི་ཁྲོན་དུ་ཡོང་བར་ངེས་པར་དུ་བརྟག་དཔྱད་ཞིབ་མོར་བྱེད་པའི་རེ་འདུན་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། གཟི་རྩ་སྡེ་དགུ་དང་མཛོད་དགེ། རྔ་བ། འཛམ་ཐང་། ཆུ་ཆེན། བཙན་ལྷ། ཝུན་ཁྲོན། མའོ་རྫོང་། ཟུང་ཆུ་རྫོང་སོགས་ཀྱིས་ཁུལ་དུ་འགྲོ་འོང་བྱེད་པའི་གཞུང་ལམ་དོ་དམ་དང་བཀག་སྡོམ་ནན་མོ་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་དང་ལོགས་བཀར་དོ་དམ། སྨན་བཅོས་སོགས་ཀྱི་ལས་ཀའི་ཁྲོད་ཀྱི་ཞན་ཆ་མ་ལུས་ཁ་གསབ་བྱས་ཏེ། ཕྱི་ནད་ནང་ཁྱབ་དང་ནང་ནས་འགོས་ཁྱབ་ཏུ་མི་འགྲོ་བའི་གྲ་སྒྲིག་ཚགས་སུ་ཆུད་པར་བྱ་དགོས། རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཚད་མཐོའི་གཅིག་གྱུར་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་གྱི་ཆེད་དུ་འབད་འབུངས་ལྷོད་མེད་བྱས་ནས་ཤུལ་དུ་ལུས་པའི་འོས་འགན་མ་ལུས་དུས་ལྟར་འགྲུབ་པ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ནུས་ཤུགས་ཡོད་རྒུ་བཏོན་ཏེ། སྦྱོར་བ་དངོས་ཀྱི་ལམ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1