སྤྱི་ཚེས་5ཉིན། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གསར་འགྱུར་བསྒྲགས་ནས། སྤྱི་ཟླ་9པའི་ཚེས་4ཉིན་གྱི་ཆུ་ཚོད་0ནས་24བར་གྱི་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་ཀྱི་བརྡ་ཁྱབ་བཀྲམ་དོན།
ས་གནས་རང་ནས་གཏན་འཁེལ་ནད་པ་105གསར་དུ་འཕར་ཡོད་དེ། ཁྲེང་ཏུའུ་རུ་90དང་། དབྱི་པིན་ལ་6དང་། རྔ་བ་ལ་3དང་། ཏེ་དབྱང་ལ་1དང་། མེན་དབྱང་ལ་1དང་། ཕན་ཀྲི་ཧྭ་ལ་1བཅས་འཕར་ཡོད། དེ་ལས་ནད་པ་3ནི་སྔར་གྱི་ནད་རྟགས་མེད་པའི་ནད་པ་དེ་གཏན་འཁེལ་ནད་པ་རུ་གྱུར་བ་རེད།(ཁྲེང་ཏུའུ་ལ་1དང་། ནེ་ཅང་ལ་1དང་། ལིའང་ཧྲན་ལ་1བཅས་བྱུང་ཡོད།)
ས་གནས་རང་ནས་ནད་རྟགས་མེད་པའི་ནད་པ་80གསར་དུ་འཕར་ཡོད་དེ། ཁྲེང་ཏུའུ་རུ་50དང་། རྔ་བ་རུ་17དང་། ཏ་ཀྲོའུ་རུ་7དང་། ནན་ཁྲང་དུ་4དང་། ཏེ་དབྱང་དུ་1དང་། དཀར་མཛེས་སུ་1བཅས་འཕར་ཡོད།
ཕྱི་ནས་ནང་དུ་ཡོང་བའི་གཏན་འཁེལ་ནད་པ་3གསར་དུ་འཕར་ཡོད།(ཁྲེང་ཏུའུ་ནས་ཡིན)
ཕྱི་ནས་ནང་དུ་ཡོང་བའི་ནད་རྟགས་མེད་པའི་ནད་པ་7གསར་དུ་འཕར་ཡོད།(ཁྲེང་ཏུའུ་ནས་ཡིན)
དྲག་ནས་སྨན་ཁང་ནས་ཐོན་མཁན་26གསར་དུ་འཕར་ཡོད་ལ། དོགས་ཡོད་ནད་པ་དང་ཚེ་ལས་འདས་པའི་ནད་པ་གསར་དུ་འཕར་མེད། །