རྔ་བ་ཁུལ་གྱིས་རིམས་ནད་ཀྱི་འགོག་སྲུང་གི་འཛིང་རགས་ཇེ་བརྟན་དུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 09-07



 

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་དུས་ཀྱི་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་མདུན་དུ་ཝུན་ཁྲོན་རྫོང་མེན་སི་གྲོང་རྡལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་དང་ལེན་ཧུར་ཐག་ཞུས་ནས་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལ་ཉན་ནས། གོ་རིམ་ལྡན་པའི་ངང་གྲོང་རྡལ་ཡོངས་ཀྱི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཡོངས་རྫོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་དོན་སྤེལ།

 

         ཟླ་9ཚེས་1ཉིན་གྱི་ཞོགས་པར། ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱ་ཡུལ་དུ་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་བླངས་པ། དེ་བཞིན་སྨན་དོན་མི་སྣ་བཅས་ཀྱིས་སྔ་ས་ནས་ས་གནས་ས་ཐོག་ཏུ་ཡོང་ནས་སྔོན་ནས་མ་དཔེ་ལེན་པའི་གྲ་སྒྲིག་བྱས། སྔ་དྲོའི་ཆུ་ཚོད་9པར་གྲོང་རྡལ་དེ་ཡོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། གྲོང་མི་ཚོས་ཁ་རས་གྱོན་ནས་སྔ་རྗེས་སུ་གྲོང་ཚོ་ཁག་ནས་ཞིབ་དཔྱད་ཚད་ལེན་བྱེད་པར་ཡོང་སྟེ་ཚང་མས་ལག་ཐོགས་ཁ་པར་དང་ཐོབ་ཐང་ལག་ཁྱེར་སོགས་འཁྱེར་ནས་ལས་དོན་མི་སྣ་དང་དང་བླངས་པའི་སྒྲིག་ལམ་གྱི་སྲུང་སྐྱོང་འོག་རང་འགུལ་ངང“སྨི་གཅིག”གི་བདེ་འཇགས་བར་ཐག་མཐའ་འཁྱོངས་ཀྱིས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་ཚོགས་རར་བསྐྱོད་དེ་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱས་པ་རེད། 

 

 


         “ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོར་རིན་མི་དགོས་པའི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱེད་བཞིན་ཡོད། ང་ཚོ་རང་ཉིད་ཀྱིས་ཀྱང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་རིམས་འགོག་ལས་དོན་ཡག་པོ་སྒྲུབ་དགོས། དེ་ལྟར་བྱས་ཚེ་ཚང་མ་བདེ་འཇགས་རེད”ཅེས་མེན་ཧྥུང་གི་གྲོང་མི་ཧོ་ཀོང་ལུན་གྱིས་བཤད།  

 འདིར་མེན་སི་གྲོང་རྡལ་གྱི་དམངས་ཡོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྤྱིའི་མི་གྲངས་2676ཟིན་ཡོད་པ་དང་དེའི་ཁྲོད་དུ་མཉམ་ཏུ་ཞིབ་དཔྱད་ཚད་ལེན་བྱེད་མི་2640ཡོད། ཁྱིམ་སྡོད་ལོག་བཀར་མི་36ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་སྲུང་རགས་བརྟན་པོ་བསྐྲུན་ཆེད། ཉིན་ཤས་རིང་བསྟུད་མར་མེན་སི་གྲོང་རྡལ་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་རྡལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་འགན་ལེན་བྱས་།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1