ཉིང་སྐྱུར་བརྟག་འཇལ་བྱེད་པའི་གོ་རིམ་ནང་དུ། མི་སྒེར་གྱི་འགོག་སྲུང་བྱ་བ་ཇི་ལྟར་བསྒྲུབ་དགོས་པ་དང་། མཉམ་འཇོག་བྱ་དགོས་པའི་དོན་ཚན་གང་དག་ཡོད་དམ་ཞེ་ན། དེ་རིང་། ང་ཚོས་མཉམ་དུ་རྒྱུས་ལོན་ཐེངས་ཤིག་བྱེད།
གཅིག ཉིང་སྐྱུར་བརྟག་འཇལ་བྱེད་པའི་སྔོན་ལ།
ཀ ཆུ་ཚོད་གཉིས་ཀྱི་རིང་ལ་ཟ་མ་སོགས་མ་ཟོས་ན་བཟང་བ་དང་། དེ་ལྟར་བྱས་ན། ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱེད་སྐབས། སྐྱུག་པ་དང་ཞེ་མེར་ལངས་པ་སོགས་མི་འབྱུང་།
ཁ སྐར་མ་སུམ་ཅུའི་སྔོན་ལ། ཆུ་མི་འཐུང་བ་དང་། ཐང་ཆུ་མི་ལྡད་པ། ཆང་མི་འཐུང་བ་བཅས་བྱ་དགོས།
ག ཁ་ཐུམ་ཡང་དག་ངང་བརྒྱག་པ་དང་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས།
གཉིས། ཉིང་སྐྱུར་བརྟག་འཇལ་བྱེད་པའི་སྐབས།
སྣ་ཡེའུ་དང་གྲེ་ཡེའུ་ཡི་ཉིང་སྐྱུར་མ་དཔེ་ལེན་ཐབས་གང་ཞིག་ཡིན་ནའང་། སྨན་དོན་མི་སྣས་ཉིང་སྐྱུར་མ་དཔེ་བསྡུ་ལེན་སྐབས་ཀྱི་འབྲེལ་ཡོད་རེ་བ་ལ་རམ་འདེགས་གང་ནུས་བྱ་དགོས།
གསུམ། ཉིང་སྐྱུར་བརྟག་འཇལ་བྱས་པའི་རྗེས་ལ།
ཀ ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱེད་ཡུལ་ནས་ཡུན་རིང་དུ་མི་འདུག་པར། འཕྲལ་མར་ཁ་འབྲལ་དགོས།
ཁ ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱེད་ཡུལ་དུ་གད་སྙིགས་སོགས་འཕེན་མི་རུང་།
ག ཉིང་སྐྱུར་མ་དཔེ་བསྡུ་ལེན་བྱས་རྗེས། མུ་མཐུད་དུ་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་པ་དང་། ལག་པའི་གཙང་སྦྲ་ལ་ལྷག་ཏུ་ནན་ཏན་བྱ་དགོས།
བཞི། རིམས་ནད་འགོག་སྲུང་གི་བྱེད་ཐབས་བཞི་པོ་ལེགས་པར་སྒྲུབ་པ།
ལག་པ་གཙང་མར་བཀྲུ་བ་དང་། ཁ་ཐུམ་ཡང་དག་ངང་བརྒྱག་པ། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ། གོམ་པ་གཉིས་ཀྱི་སྤྱི་ཚོགས་འབྲེལ་འདྲིས་བར་ཐག་འཇོག་པ་བཅས་མུ་མཐུད་དུ་རྒྱུན་འཁྱོངས་བྱ་དགོས།