སྤྱི་ཟླ་9པའི་ཚེས8ཉིན་གྱི་ཆུ་ཚོད་8པའི་བར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་མི་82རྐྱེན་ལམ་དུ་ཤོར།(དེའི་ནང་དཀར་མཛེས་ཁུལ་གྱི་མི་46དང་། གཡག་རྔ་གྲོང་ཁྱེར་སྲིབ་སྨད་རྫོང་གི་མི་36ཚུད།)ས་འགུལ་ཁྲོད་དུ་མི་35ལ་འབྲེལ་བ་ཆད་པ་དང་། མི་270ལ་རྨས་སྐྱོན་ཕོག །དེའི་ནང་དུ་རྨས་མ་ཚབས་ཆེན་4ཡོད་པ་དང་ཆེས་ཚབས་ཆེ་བ་65ཡོད།