སྤྱི་ཟླ་9པའི་ཚེས་8ཉིན་གྱི་ཆུ་ཚོད་0ནས་24བར་གྱི་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར།
ས་གནས་རང་ནས་གཏན་འཁེལ་ནད་པ་59གསར་དུ་འཕར་ཡོད་དེ། ཞིང་ཆེན་གཞན་ནས་ཕྱིར་སི་ཁྲོན་དུ་ལོག་མཁན་དག་གཅིག་བསྡུས་སྒོ་བཀག་ལོག་བཀར་བྱས་ཟིན་པའི་ནང་ནས་ནད་པ་1དང་། ཁྲེང་ཏུའུ་རུ་39དང་། དབྱི་པིན་ལ་7དང་། རྔ་བ་ལ་6དང་། ལུའུ་ཀྲོའུ་ལ་1 དང་། ནེ་ཅང་ལ་1བཅས་འཕར་ཡོད། དེ་ལས་ནད་པ་4ནི་སྔར་གྱི་ནད་རྟགས་མེད་པའི་ནད་པ་དེ་གཏན་འཁེལ་ནད་པ་རུ་གྱུར་བ་རེད།(ཁྲེང་ཏུའུ་ལ་1དང་། རྔ་བ་ལ་3བཅས་འཕར་ཡོད།)
ས་གནས་རང་ནས་ནད་རྟགས་མེད་པའི་ནད་པ་71གསར་དུ་འཕར་ཡོད་དེ། ཁྲེང་ཏུའུ་རུ་32དང་། ལུའུ་ཀྲོའུ་ལ་13དང་། དབྱི་པིན་ལ་13དང་། ཏ་ཀྲོའུ་ལ་8དང་། རྔ་བ་རུ་3དང་། གཡག་རྔ་ལ་1དང་། ནན་ཁྲང་དུ་1བཅས་འཕར་ཡོད།
ཕྱི་ནས་ནང་དུ་ཡོང་བའི་ནད་རྟགས་མེད་པའི་ནད་པ་4གསར་དུ་འཕར་ཡོད།(ཁྲེང་ཏུའུ་ནས་ཡིན)
དྲག་ནས་སྨན་ཁང་ནས་ཐོན་མཁན་72གསར་དུ་འཕར་ཡོད་ལ། དོགས་ཡོད་ནད་པ་དང་ཚེ་ལས་འདས་པའི་ནད་པ་གསར་དུ་འཕར་མེད། །